ལི་ཁེ་ཆང་གིས་མཐོ་རིམ་སློབ་གསོའི་བཅོས་སྒྱུར་གསར་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-18


  སྤྱི་ཟླ་4པའི་ཚེས་17ཉིན་བསྒྲགས་པའི་གསར་འགྱུར། སྤྱི་ཟླ་4པའི་ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་ནས་མཐོ་རིམ་སློབ་གསོའི་བཅོས་སྒྱུར་གསར་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། པེ་ཅིང་གི་པུའུ་ཁོངས་གཏོགས་དང་གྲོང་ཁྱེར་ཁོངས་གཏོགས། དམངས་སྒྲུབ་མཐོ་རིམ་སློབ་གྲྭ་53དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས།

  གྲོས་ཚོགས་སྟེང་པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན། པེ་ཅིང་ཚན་རྩལ་སློབ་ཆེན་བཅས་ཀྱི་འགན་འཛིན་པ་དང་ཀྲུང་གོ་མི་དམངས་མི་དམངས་སློབ་ཆེན་དང་པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་དགེ་རྒན་གྱི་འཐུས་མིས་གཏམ་བཤད་གནང་། ལི་ཁེ་ཆང་གིས་སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྨང་གཞི་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད། ཆུ་ཚད་མཐོ་བའི་སློབ་གསོ་ནི་རྒྱལ་ཁབ་ཀྱི་སྣ་འཛོམས་འགྲན་རྩོད་སྟོབས་ཤུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་གྱི་རྒྱལ་ཁབ་ནི་སློབ་གསོ་སྟོབས་ལྡན་གྱི་རྒྱལ་ཁབ་ཡིན་ལ། ལོ་ངོ་སྟོང་ཕྲག་རིང་ཀྲུང་ཧྭའི་རིག་གནས་ཉམས་པ་མེད་པའི་གཞི་རྩ་ནི་སློབ་གསོར་མཐོང་ཆེན་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་སློབ་གསོ་གོང་འཕེལ་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཡོངས་སུ་གཞི་ཁྱོན་ཆེས་ཆེ་བའི་མཐོ་རིམ་སློབ་གསོ་སྤེལ་བ་དེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ་གྱི་གལ་ཆེའི་སྟོབས་ཤུགས་སུ་གྱུར། དེང་སྐབས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་ཡི་དར་སྤེལ་ལ་དམིགས་ཏེ་སློབ་གསོ་སྤེལ་སྐབས་ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ལམ་ཕྱོགས་ལག་བསྟར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྦྱོར་བྱ་དགོས་ལ། མཐོ་འབྲིང་ཆུ་ཚད་ཀྱི་དཔལ་འབྱོར་འཕེལ་འགྲོས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་སུ་གཏང་བ་དང་མཐོ་འབྲིང་ཆུ་ཚད་དུ་འཕེལ་བར་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བའི་གོ་རིམ་ཁྲོད་འགན་ཁུར་སྔར་ལས་ཆེ་བ་དང་ལེན་དང་ཕན་ནུས་ཆེན་པོ་འདོན་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1