རྩྭ་ཐང་ཨ་མ་བྱམས་བརྩེས་སྐྱོང་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས།
སངས་རྒྱས་ནོར་བུས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-19
ཉེ་ཆར། གསར་དུ་བཙུགས་པའི་མཛོད་དགེ་རྫོང་གི་རྩྭ་ཐང་ཨ་མ་བྱམས་བརྩེས་སྐྱོང་ཞེས་པའི་སྐལ་བཟང་མེ་ཏོག་སྒྲོག་འགྲེལ་ཚོགས་པས་ཐང་སྐོར་གྲོང་རྡལ་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས།
རྒྱུས་ལོན་བྱུང་བ་ལྟར་ན། མཛོད་དགེ་རྫོང་གི་རྩྭ་ཐང་ཨ་མ་བྱམས་བརྩེས་སྐྱོང་ཞེས་པའི་སྐལ་བཟང་མེ་ཏོག་སྒྲོག་འགྲེལ་ཚོགས་པ་ནི་རྫོང་དེའི་དྲིལ་བསྒྲགས་པུའུ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་འཛིན་ཅུས། འཕྲོད་བསྟེན་ཅུས་སོགས་ཀྱི་སྡེ་ཁག་ལས་གྲུབ་པ་ཡིན་ལ། མིག་སྔར། སྒྲོག་འགྲེལ་ཚོགས་པ་འདིས་རིམ་བཞིན་དུ་ཐང་སྐོར་གྲོང་རྡལ་དང་བྱ་མེ་གྲོང་རྡལ་ནས་ས་གནས་དེ་གའི་ཞིང་འབྲོག་དམངས་ཚོགས་1500ལྷག་ལ་《རྩ་ཁྲིམས།》དང་《གཉེན་སྒྲིག་བཅའ་ཁྲིམས།》《བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས།》《ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས།》《རྩྭ་ཐང་གི་བཅའ་ཁྲིམས།》《འོས་འགན་སློབ་གསོའི་བཅའ་ཁྲིམས།》སོགས་ནང་དུ་ཚུད་པའི་ཁྲིམས་ལུགས་ཁྲིམས་སྲོལ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་གསལ་འགྲེལ་བྱས་པ་རེད།
གཞན་ཡང་། སྒྲོལ་འགྲེལ་མི་སྣས་ད་དུང་ཨེ་ཙི་ནད་དང་འདུས་དྲིལ་ནད། བྱི་ནད་སོགས་འགོས་ནད་སྔོན་འགོག་ཤེས་བྱ་དང་འབྲེལ་ཡོད་དམངས་ཕན་སྲིད་ཇུས་སོགས་དྲིལ་བསྒྲགས་གསལ་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པ་འདིའི་འཆར་གཞི་ལྟར་ན་ཟླ་འདིའི་ནང་དུ་ད་དུང་རྫོང་འདིའི་འབྲོག་ཁུལ་གྱི་ཡུལ་གྲོང་7ལ་ཟབ་ཞུགས་བྱས་ནས་སྒྲོག་འགྲེལ་དང་སྐོར་སྤྱོད་སྨན་བཅོས་སམ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1