སྡེ་ཚན་དང་པོ། མི་རིགས་ས་ཁོངས་རང་སྐྱོང་གི་རྨང་གཞི་ཤེས་བྱའི་སྐོར།(10)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དྲི་བ། ཀྲུང་གོ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བོད་རིགས་རང་སྐྱོང་ས་གནས་ག་ཚོད་ཡོད། གང་དག་ཡིན། 
ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་རང་སྐྱོང་ས་གནས་ལ། རང་སྐྱོང་ལྗོངས་5དང་། རང་སྐྱོང་ཁུལ་30། རང་སྐྱོང་རྫོང་(ཆིའི)120བཅས་ཡོད་པའི་ཁྲོད་དུ། བོད་རིགས་རང་སྐྱོང་ལྗོངས་གཅིག་དང་། རང་སྐྱོང་ཁུལ་བཅུ། རང་སྐྱོང་རྫོང་གཉིས་བཅས་བསྡོམས་པས་བཅུ་གསུམ་ཡོད།
རང་སྐྱོང་ལྗོངས། 
བོད་རང་སྐྱོང་ལྗོངས།  ལྷ་ས་གྲོང་ཁྱེར་དུ་གནས། 
རང་སྐྱོང་ཁུལ།
མཚོ་སྔོན་ཞིང་ཆེན་དུ་དྲུག་ཡོད།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། རོང་བོ་གྲོང་རྡལ་དུ་གནས། 
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཆབ་ཆ་གྲོང་རྡལ་དུ་གནས། 
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ནུབ་མཚོ་གྲོང་རྡལ་དུ་གནས། 
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། གཏེར་ལེན་ཁ་གྲོང་ཁྱེར་དུ་གནས། 
མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྟ་བོ་གྲོང་རྡལ་དུ་གནས། 
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། སྐྱེ་དགུ་གྲོང་རྡལ་དུ་གནས། 
སི་ཁྲོན་ཞིང་ཆེན་དུ་གཉིས་ཡོད། 
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མདོ་གྲོང་གྲོང་རྡལ་དུ་གནས། 
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། འབར་ཁམས་གྲོང་རྡལ་དུ་གནས། 
ཀན་སུའུ་ཞིང་ཆེན་དུ་གཅིག་ཡོད། 
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། གཙོས་གྲོང་ཁྱེར་དུ་གནས། 
ཡུན་ནན་ཞིང་ཆེན་དུ་གཅིག་ཡོད། 
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། རྒྱལ་ཐང་དུ་གནས། 
རང་སྐྱོང་རྫོང་། 
སི་ཁྲོན་ཞིང་ཆེན་དུ་གཅིག་ཡོད། 
མུ་ལི་བོད་རིགས་རང་སྐྱོང་རྫོང་། ཆབ་འོད་གྲོང་རྡལ་དུ་གནས། 
ཀན་སུའུ་ཞིང་ཆེན་དུ་གཅིག་ཡོད། 
དཔའ་རིས་བོད་རིགས་རང་སྐྱོང་རྫོང་། རབ་རྒྱས་གྲོང་རྡལ་དུ་གནས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1