གྲང་ངར་ཆེ་བའི་རང་བྱུང་ཁོར་ཡུག་གིས་རྫོང་དེའི་ས་ཆ་མང་པོར་རྒྱུན་ལྡན་ངང་འབྲུ་རིགས་འདེབས་འཛུགས་བྱེད་མི་ཐུབ་ལ། དམིགས་བསལ་གྱི་ས་ཁམས་ཀྱིས་རྫོང་དེའི་དམངས་ཚོགས་ཀྱི་ཉོ་སྒྲུབ་མ་རྩ་ཇེ་ཆེར་བཏང་། སྔོ་ཚོད་གསར་པ་ཟ་དཀའ་བ་དང་། སྔོ་ཚལ་གསར་པ་ཟ་བར་གོང་ཆེ་བ་ནི་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་འདུག
དཀའ་ངལ་འདི་དག་སེལ་ཆེད། སེར་ཤུལ་རྫོང་གིས་གནད་སྨིན་དབུལ་སྐྱོར་གྱི་གོ་སྐབས་བཟང་པོ་འདི་གཡར་ནས་ཧུར་བརྩོན་ངང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཤིང་། ཤུགས་ཆེན་པོས་མཐོ་སྒང་གི་སྐྱེ་ཁམས་ཁྱད་ལྡན་གྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ན་ནིང་གི་ཟླ་8པའི་ནང་། དགེ་མང་ཡུལ་ཤོག་ནི་མཐོ་གྲང་ས་ཁུལ་གྱི་དྲོང་ཁང་ཆེན་པོ་བསྐྲུན་པའི་ཚོད་ལྟའི་ས་ཚིགས་ཀྱི་གྲས་ཤིག་ཅིག་ཡིན་པའི་ཆ་ནས། ཡུལ་ཚོ་གསུམ་གྱི་ཡིག་ཚགས་བཟོས་པའི་དབུལ་པོའི་དུད་ཚང་ལ་ཁྱབ་པའི་ཞིང་ལས་འཕེལ་རྒྱས་ཀྱི་ཆེད་ལས་མཉམ་ལས་ཁང་བཙུགས། མ་དངུལ་སྒོར་ཁྲི་74ལྷག་བཏང་ནས་སྨི་གྲུ་བཞི་མ་1000ལྷག་གི་སྔོ་ཚོད་དྲོ་ཁང་ཆེན་མོ་བཙུགས་ནས། མཐོ་སྒང་ས་ཁུལ་གྱི་ཁྱད་ལྡན་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་འགོ་བརྩམས།།