ཨ་རིའི་《རྒྱལ་ཁབ་ས་ཁམས།》ཀྱི་པར་ལེན་པས་ཏ་ཁོག་འཁྱགས་ཀླུང་རི་བོར་བརྙན་པར་ལེན་དུ་ཕྱིན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 04-22


    ཉེ་ཆར། ཨ་རིའི་《རྒྱལ་ཁབ་ས་ཁམས།》དུས་དེབ་ཀྱི་པར་ལེན་པ་གསུམ་ཏ་ཁོག་འཁྱགས་ཀླུང་རི་བོའི་ཡུལ་ལྗོངས་ཁུལ་དུ་པར་ལེན་པར་ཕྱིན།
   《རྒྱལ་ཁབ་ས་ཁམས།》དུས་དེབ་ཀྱིས་ད་ལོའི་ཟླ་6པ་དང་ཟླ་9པ། ཟླ་12བཅས་དུས་རིམ་གསུམ་དུ་ཏ་ཁོག་འཁྱགས་ཀླུང་རི་བོའི་འཁྱགས་རོམ་དང་གང་འཁྱགས། དམངས་སྲོལ་རིག་གནས། རི་སྐྱེས་སྲོག་ཆགས། རྩི་ཤིང་བཅས་བརྗོད་སྙིང་དུ་བཟུང་བའི་པར་རིས་དང་ཡི་གེའི་ཆེད་བརྗོད་བཀོད་སྒྲིག་བྱས། ཏ་ཁོག་འཁྱགས་ཀླུང་རི་བོ་ནི་མི་འགྱངས་བར་ཡིད་དབང་འགུག་པའི་སེར་སྒྲོམ་ནང་དུ་མངོན་རྒྱུ་ཡིན་པས། རྒྱལ་ཕྱི་ནང་དུ་གངས་རིར་འཛེག་པ་དང་དམངས་སྲོལ་ལ་གཟིགས་པ་སོགས་ཀྱི་ཚ་རླབས་ཅིག་འཕྱུར་ཡོང་ངེས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1