སི་ཁྲོན་གྱིས་2020ལོའི་ལོ་མཇུག་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་ཞབས་ཞུ་དབུལ་པོའི་གྲོང་ཚོ་60%ལ་ཁྱབ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-22


     གསར་འགོད་པས་ཟླ་4པའི་ཚེས་19ཉིན་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཉམ་ལས་ཁང་དེས་ཉེ་སྔོན་སྤེལ་པའི་《དབུལ་གྲོལ་འགག་སྒྲོལ་ནང་ཞུགས་ནས་སྤེལ་པའི་སྐོར་གྱི་ལག་བསྟར་བསམ་འཆར།》ནང་གསལ་པོ་བཏོན་དོན། ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་མ་ལག་རྒྱུད་ཁོངས་ཀྱིས་མཁོ་འཚོང་མཉམ་ལས་ཁང་+ཡི་ཐོན་ལས་ཞབས་ཞུ་དང་། ཆེད་ལས་མཉམ་སྒྲུབ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན། ཕྱོགས་བསྡུས་ཞབས་ཞུ་དང་མཐུན་སྦྱར་རོགས་སྐྱོར་བཅས་ཀྱི་བྱེད་ཐབས་ཆེན་པོ་དྲུག་བརྒྱུད་དེ་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏང་བ་དང་།  2020ལོའི་ལོ་མཇུག་ཏུ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ཚད་ནི་དབུལ་པོ་གྲོང་ཚོ་60%རུ་ཁྱབ་པ་དང་།  མཁོ་འཚོང་མཉམ་ལས་ཁང་+ཡི་གནད་སྨིན་དབུལ་སྐྱོར་གྱི་རོགས་སྐྱོར་མ་ལག་གཞི་རྩའི་སྟེང་ནས་འཛུགས་སྐྲུན་བྱ་ཐུབ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1