ལི་ཁེ་ཆང་གིས་ལས་གཏོད་པའི་གྲོང་རྡལ་ཆུང་ངུར་བསྔགས་བརྗོད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


          སྤྱི་ཟླ་4པའི་ཚེས་25ཉིན། ལི་ཁེ་ཆང་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཆིང་རོང་གསར་གཏོད་པའི་གྲོང་རྡལ་ཆུང་ངུར་རྟོག་ཞིབ་བྱས། གནས་དེ་ནི་སྔོན་ཆད་ལས་བཟོ་པའི་སྡོད་ཤག་ཡིན་ཞིང་སྲོལ་རྒྱུན་ཐོན་སྐྱེད་བྱེད་ནུས་ཇེ་ཞན་དུ་གྱུར་པ་དང་མཉམ་དུ་ཁང་པ་མང་པོ་བེད་མེད་དུ་བཞག་ཡོད། ས་གནས་དེའི་སྲིད་གཞུང་གིས་རིན་མེད་ཀྱིས་ལས་གཏོད་པ་གནས་སྡོད་འདྲེན་འགུགས་བྱས་ཏེ་སློབ་ཆེན་དང་ཁེ་ལས་ལ་རྒྱབ་བརྟེན་བྱས་ཏེ་ལས་གཏོད་པའི་གྲོང་རྡལ་ཆུང་ཆུང་ཞིག་ཆགས་པ་རེད། ཙུང་ལི་ཡིས་བཀོད་སྒྲིག་དེར་གསར་གཏོད་ཀྱི་རྣམ་པ་ཆེན་པོ་འདུག་ཅེས་བསྔགས་བརྗོད་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1