སྤྱི་ཟླ་4པའི་ཚེས་25ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན། དབྱིན་ཇི་ཡིས་མ་ལ་སུང་གི་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ་མི་མང་པོ་ཟབ་ཞུགས་བྱས། ཐེངས་འདིའི་འགྲན་བསྡུར་ཁྲོད་དབྱིན་ཇིའི་མཁའ་བསྐྱོད་པ་ཐི་མུའུ་ཕི་ཁོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར། ཁོས་སའི་གོ་ལ་དང་བར་ཐག་ཧ་ལམ་སྟོང་སྨི་402ཡོད་པའི་མཁའ་ཚུགས་ཀྱི་འདུར་རྒྱུག་འཕྲུལ་ཆས་སྟེང་ས་ངོས་ཀྱི་འགྲན་ཞུགས་མི་སྣ་དང་མཉམ་དུ་ཐེངས་འདིའི་འགྲན་བསྡུར་ལེགས་འགྲུབ་བྱུང་།།