ཞི་ཅིན་ཕིང་གིས་ཞིང་སྡེའི་བཅོས་སྒྱུར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་གལ་ཆེན་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


  སྤྱི་ཟླ་4པའི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཧྥུན་དབྱང་རྫོང་ཞའོ་ཀང་སྡེ་བར་གཙོ་སྐྱོར་མཛད་དེ་ཞིང་སྡེའི་བཅོས་སྒྱུར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོ་དར་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་ཞིང་ལས་དར་རྒྱས་སུ་འགྲོ་དགོས་ལ། ཀྲུང་གོ་མཛེས་སྡུག་ལྡན་དགོས་ན་ངེས་པར་དུ་ཞིང་སྡེ་མཛེས་སྡུག་ལྡན་དགོས། ཀྲུང་གོ་ཕྱུག་འགྱུར་བྱུང་དགོས་ན་ངེས་པར་དུ་ཞིང་སྡེ་ཕྱུག་འགྱུར་བྱུང་དགོས་པས། ཞིང་གསུམ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀ་གལ་ཆེན་དུ་བརྩིས་ཏེ་རྣམ་པ་གསར་པའི་འོག་གི་ཞིང་སྡེ་བཅོས་སྒྱུར་བྱེད་ཤུགས་ལ་སྐུལ་འདེད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བྱེད་པ། ཁྱོན་ཡོངས་ནས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིང་ལས་ཀྱི་རྨང་གཞི་བརྟན་བརླིང་དང་ཞིང་སྡེའི་འཆམ་མཐུན་གཏན་འཇགས། ཞིང་པའི་བདེ་འགོད་ཡར་བརྩོན་བཅས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།
  ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་ཞིང་སྡེའི་བཅོས་སྒྱུར་གྱི་རླབས་ཆེན་ལག་ལེན་གྱིས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་དང་ཞིང་བའི་འཚོ་བ། ཞིང་སྡེའི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དེས་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པ་རེད། འགྱུར་ལྡོག་ཆེན་པོ་འདི་དག་གིས་ཞིང་བ་རྣམས་ལ་འབྱོར་ཕྱུག་གི་བགྲོད་ལམ་དུ་བསྐྱོད་པའི་འོད་སྟོང་འབར་བའི་མདུན་ལྗོངས་མཐོང་དུ་བཅུག་ཅིང་། ང་ཚོའི་ཏང་གི་རྗེས་སུ་འབྲང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་ཡོད་ཆེས་ཇེ་བརྟན་དུ་བཏང་བ་རེད། ཞིང་སྡེའི་བཅོས་སྒྱུར་གྱི་ལག་ལེན་དང་ཉམས་མྱོང་བཟང་པོ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས་ཞེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1