ལི་ཐང་རྫོང་སློབ་འབྲིང་གིས་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-05



   ལྔ་བཞིའི་བྱ་འགུལ་ལོ་འཁོར་97ལོན་པར་རྟེན་འབྲེལ་བྱ་ཆེད།  སྤྱི་ཟླ་4བའི་ཚེས་28ཉིན། ལི་ཐང་རྫོང་སློབ་འབྲིང་གིས་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ། 
      སློབ་འབྲིང་སློབ་མ་ཚོས་མི་རིགས་ཞབས་བྲོ་དང་དེང་རབས་ཞབས་བྲོ་སོགས་ཀྱིས་མཐོ་སྒང་བོད་ཁུལ་གྱི་སློབ་མའི་ལང་ཚོ་དང་བདེ་ཐང་།གསོན་ཤུགས། ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ནས་ཁོ་ཚོས་ལྔ་བཞིའི་སྙིང་སྟོབས་ལ་རྗེས་དྲན་དང་། མེས་རྒྱལ་ལ་དགའ་ཞེན་ཆེ་བ་མཚོན་པར་བྱས།  སྔར་ལས་ལྷག་པར་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། དགེ་སློབ་རྣམས་ཀྱིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་གྱི་བརྩེ་སེམས་ལ་སྐུལ་སློང་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1