2018ལོར་དཀར་མཛེས་རྒྱལ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-05


     ཉེ་ཆར། དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་སྐུལ་སློང་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ལོ་3གྱི་གསར་བསྐྲུན་བརྒྱུད། དཀར་མཛེས་ནི་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་འགྱུར་རྒྱུ་ཡིན་པ་དང་། 2018ལོར་ལོ་གཅིག་གི་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་164སླེབས་རྒྱུ་རེད། ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཁེ་གཙང་ཡོང་འབབ་45%ཡན་ནི་ཡུལ་སྐོར་ལ་བརྟེན་དགོས་པ་རེད།
     དུས་་མཚུངས་སུ། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་གྱི་འཐབ་ཇུས་ཆེན་མོ་དྲུག་དང་ཟུང་འབྲེལ་བྱས་ནས་མཐུན་སྦྱོར་སྐུལ་འདེད་གཏང་རྒྱུ་ཡིན་པ་དང་། དེ་ལས་གེ་སར་གནམ་གྲུ་ཐང་ཡང་དུས་རིམ་དེའི་ཁྲོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་དར་མདོའི་གནམ་གྲུ་ཐང་དང་ཉི་བརྟེན་གནམ་གྲུ་ཐང་གཉིས་འགག་སྒོའི་གནམ་གྲུ་ཐང་དུ་རིམ་འཕར་
དོ་མཉམ་སྒོས་སྐུལ་འདེད་བྱས་པ་རེད། དེའི་ནང་། དོ་ཁུར་ཆེན་པོ་བྱེད་བཞིན་པའི་གེ་སར་གནམ་གྲུ་ཐང་ཡང་དུས་སྐབས་འདིའི་ནང་དུ་འཛུགས་སྐྲུན་བྱེད་ཚར་རྒྱུ་རེད། དར་མདོའི་གནམ་ཐང་དང་ཉི་བརྟེན་གནམ་ཐང་གཉིས་འགག་སྒོའི་གནམ་གྲུ་ཐང་དུ་རིམ་འཕར་བྱས་ནས་མ་མཐའ་ཡང་འཁའ་ལམ་15 ཤར་གཏོང་བྱ་ཐུབ་པ་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1