སྤྱི་ཟླ་5པའི་ཚེས་5ཉིན། ཁེ་ཉི་ཡའི་རྒྱལ་ས་ནེ་རོ་པི་རུ། རོགས་སྐྱོར་མི་སྣས་གཏོར་བཤིག་ཐེབས་པའི་སྡོད་ཁང་ཞིག་རོའི་ཁྲོད་གནོད་སྐྱོན་ཐེབས་མཁན་ཞིག་གི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་། བསྟུད་མར་དྲག་ཆར་བབས་པས་ནེ་རོ་པི་ཤར་རྒྱུད་ཀྱི་ཧུ་རུ་མ་ས་ཁུལ་གྱི་ཐོག་བརྩེགས་དྲུག་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་སྤྱི་ཟླ་4པའི་ཚེས་29ཉིན་རྡིབ་ཅིང་། ཁེ་ཉི་ཡའི་རྒྱལ་ཁབ་གནོད་འཚེ་དོ་དམ་ལས་ཁུངས་ཀྱི་གསར་འཕྲིན་ལྟར་ན། མིག་སྔར་མི་33ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་པ་རེད།།