ད་ལོར་སི་ཁྲོན་གྱིས་སྒོར་དུང་ཕྱུར་60ལྷག་བོད་ཁུལ་དམངས་འཚོའི་ལས་གཞི་ཁག་དྲུག་ལ་གཏང་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-06


               ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས་《2016ལོའི་བོད་ཁུལ་གྱི་དམངས་འཚོའི་ལས་གཞི་ཁག་དྲུག་གི་འཆར་གཞི་སྤྱིའི་ལས་ཀའི་ཇུས་གཞི།》དང་དབུལ་སྐྱོར་དཀའ་སེལ་བྱ་འགུལ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་སྤེལ། སློབ་གསོ་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་མཐོར་འདེགས། རིག་གནས་གོང་འཕེལ། བོད་ཁུལ་གྱི་སྡོད་ཁུལ་གསར་འཛུགས་སོགས་ཀྱི་ལག་བསྟར་ཇུས་གཞི་དྲུག་(གཤམ་དུ་ཇུས་གཞི་1+6ཅེས་བསྡུས་འབྲི་བྱ་རྒྱུ།)པར་འགྲེམ་བྱས།  སྔོན་རྩིས་བྱས་པ་ལྟར་ན། དམངས་འཚོའི་ལས་གཞི་ཁག་གི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་60.9ཟིན་ཡོད་དེ། ན་ནིང་དང་བསྡུར་ན་ཕལ་ཆེར་སྒོར་དུང་ཕྱུར་8ཇེ་མང་དུ་སོང་ཡོད། 

               རང་རེའི་ཞིང་ཆེན་གྱི་བླང་བྱ་ལྟར་ན། མིག་སྔར་གཤམ་སྤྲོད་གསལ་པོ་བྱས་མེད་པའི་ཀྲུང་དབྱང་གི་མ་དངུལ་ཁག་ལ་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་འགྲོ་ཕྱོགས་ཐད་ལ་རྒྱུས་ལོན་ཤུགས་སྣོན་བྱ་དགོས་ཏེ། རང་འགུལ་གྱིས་སྙན་གསེང་ཞུ་རྒྱུ་བརྩོད་ལེན་དང་། གཏན་འཁེལ་བྱས་ཕྱིན་དུས་ཐོག་ཏུ་འོག་རིམ་ལ་གཤམ་སྤྲོད་དགོས་པ་མ་ཟད་ཇུས་གཞིའི་ནང་ཁ་གསབ་བྱ་དགོས། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་ཁྱིམ་དུད་དང་མི་རེ་རེའི་སྔོན་དུ་བརྒྱུད་བསྒྲགས་བྱས་ཏེ་སྔར་ལས་མང་བའི་ཞིང་འབྲོག་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཉམས་སུ་མྱོང་དུ་འཇུག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1