དཀར་མཛེས་ཁུལ་གྱི་དངུལ་གཏོང་ལས་ཁུངས་ཀྱིས་ཞིང་ལས་དང་འབྲེལ་བའི་དབུལ་བུན་སྒོར་དུང་ཕྱུར3བཏང་ནས་དཔྱིད་རྨོད་ལས་ཀར་རྒྱབ་སྐྱོར་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 05-11


   ལོ་འགོ་ནས་བཟུང་དཀར་མཛེས་ཁུལ་གྱི་དངུལ་གཏོང་རྩ་ལས་ཁུངས་ཀྱིས་བྱེད་སྟངས་བསྒྱུར་ནས་ཆགས་ཚུལ་ལེགས་སྒྲིག་དང་། ཕན་འབྲས་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བྱ་རྒྱུ་བཅས་ལ་དམིགས་པ་དང་། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་མངོན་གསལ་ཡོང་རྒྱུ་དམིགས་ཡུལ་བྱས་ཏེ། དངུལ་རྩའི་དབུལ་སྐྱོར་གནད་སྨིན་གྱི་ལས་ཀའི་བྱེད་ཐབས་སྣ་ཚོགས་མགྱོགས་མྱུར་སྐུལ་འདེད་གཏོང་ཞིང་། མ་དངུལ་གཏོང་འཇོག་བྱེད་པའི་ཁྱོན་ཆེ་རུ་བཏང་ནས་ཐོན་ལས་རྟེན་གཞི་དང་། ཐོན་ལས་དབུལ་སྐྱོར། དཔྱིད་རྨོད་ཐོན་སྐྱེད་བཅས་ཀྱི་ལས་ཀར་རྒྱབ་སྐྱོར་བྱས་ནས། ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་བདེ་བླག་ངང་ལོ་འཁོར་ཡོངས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད། ཟླ་བ3པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་ཞིང་ལས་དང་འབྲོག་པའི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་224.14ཡོད་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་13.94འཕར་ནས་ལོ་སྟོད་ལས་སྒོར་དུང་ཕྱུར་10.72འཕར་སྣོན་བྱུང་ཡོད། དེའི་ནང་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་96.62ཡོད་པ་དང་། ཟླ་བ་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་3.03འཕར་སྣོན་བྱུང་ཞིང་། ཞིང་གསུམ་སྐོར་གྱི་དཔྱིད་རྨོད་ལས་ཀར་སྐུལ་ཁྲིད་བྱེད་པར་སྒོར་དུང་ཕྱུར10ལ་ཉེ་བའི་མ་དངུལ་གཏོང་འཇོག་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1