སྤྱི་ཟླ་5པའི་ཚེས་8ཉིན། སྐབས་23པའི་པེ་ཅིང་སློབ་ཆེན་པའི་གློག་བརྙན་དུས་ཆེན་གྱི་མཇུག་བསྒྲིལ་མཛད་སྒོ་དང་གཟེངས་བསྟོད་མཛད་སྒོ་དེ་པེ་ཅིང་ཨའོ་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་བོད་རིགས་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་པས་བྱ་དགའ་གསུམ་བླངས་ཡོད།
《ཐར་ལོ།》ལ་སྒྱུ་རྩལ་ཉམས་ཞིབ་རྩེ་གྲའི་བྱ་དགའ་ཐོབ།
ལྷ་དཔལ་རྒྱལ་གྱིས་ཕུལ་བྱུང་འཁྲབ་གཞུང་པའི་རོགས་སྐྱོར་བྱ་དགའ་བླངས།
དབྱང་ཅན་ལྷ་མོ་དང་(གཡོན། )ཞི་བདེ་ཉི་མ།
ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་《གཙང་པོ།》ཡི་ཁྲོད་ཀྱི་འཁྲབ་སྟོན་པ་ཆུང་ཆུང་དབྱང་ཅན་ལྷ་མོས་ཕུལ་བྱུང་འཁྲབ་སྟོན་པ་གསར་པའི་བྱ་དགའ་བླངས།།