ཚུའེ་པའོ་ཧྭ་ཡིས་རྟོག་ཞིབ་རུ་ཁག་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-10


    སྤྱི་ཟླ་5པའི་ཚེས7ཉིན་ནས་ཚེས་8ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭས་རྟོག་ཞིབ་དཔུང་ཁག་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དམིགས་རྣམ་གྲངས་ལ་ལྟ་སྐུལ་དང་མཛུབ་ཁྲིད་གནང་། ཁོང་གིས་ཧུར་ཐག་གིས་དབུལ་སྐྱོར་བྱེད་ཐབས་དང་ལམ་ལུགས་གསར་གཏོད་བྱ་དགོས་པ་དང་། ཕྱིའི་ནུས་ཤུགས་ནང་འདྲེན་དང་ནང་གི་ནུས་ཤུགས་མཐོ་རུ་འདེགས་པ་གཉིས་ཟུང་འབྲེལ་བྱས་ཐོག ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་གང་ལེགས་བྱེད་པ་དང་ཐབས་ལམ་མང་པོའི་སྤྱད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཏེ། འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན། 
    ཚུའེ་པའོ་ཧྭ་དང་ལྷན་ཕེབས་རྣམས་ཀྱིས་དར་མདོ་གྲོང་ཁྱེར་ནས་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་འགག་སྒྲོལ་གྱི་ཆེད་དམིགས་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གནད་སྨིན་དབུལ་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས། དར་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་ལས་ཀའི་སྙན་ཞུ་ལ་གསན་རྗེས། ཚུའེ་པའོ་ཧྭ་ཡིས་དཀར་མཛེས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མིག་སྔའི་གནས་འབབ་གལ་ཆེན་ཐོག་བཞག་ཡོད་པར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་ཇུས་འགོད་ཞིབ་ཚགས། ཤུགས་ཆེན་པོའི་སྐུལ་འདེད་བྱས་ན། དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་ངེས་ཞེས་བསྟན། 
    ཚའེ་པའོ་ཧྭ་ཡིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས། ཤེས་ལྡན་པའི་འདེགས་སྐྱོར། ཁྲོམ་རྭའི་སྟོབས་ཤུགས་བཅས་དོན་དངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ས་ཁོངས་ཀྱི་ལྟེ་གནས་སུ་གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་འཕེལ་རྒྱས། ས་འོག་ཚ་ནུས་འབྱུང་ཁུངས། རིག་གནས་ཐོན་ལས། འཐུང་ཆུ་གསར་སྤེལ། ཀྲུང་ལུགས་དང་བོད་ལུགས་གསོ་རིགས་ཐོན་ལས། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བཅས་ཕྱོགས་བདུན་ཀྱི་ཐད་ནས་ལས་ཀ་ཡག་པོ་སྤེལ་དགོས་པ་དང་།  ཐོན་ལས་འཕེལ་རྒྱས་དང་ངལ་རྩོལ་ནུས་ཤུགས། ལས་ཞུགས་ཐབས་ལམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། དབུལ་སྒྲོལ་ལ་ཕྱོགས་གཉིས་ནས་སེམས་ཁུར་བྱེད་མི་དགོས་ཞེས་པའི་ཐོན་ལས་ཀྱི་ཕྱུག་འགྱུར་ཡོང་བ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་ཀ་གཏིང་ཟབ་པ་དང་ཞིང་ཕྲའི་སྒོས་བསྒྲུབ་དགོས་ཅེས་བསྟན། 
   ཚུའེ་པའོ་ཧྭ་ཡིས་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ས་གནས་ཀྱི་དབུལ་སྐྱོར་སྡེ་ཁག་གི་ཐོན་ཁུངས་ཕྱོགས་ཀྱི་ཆ་རྐྱེན་བེད་སྤྱད་བྱས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བརྗེ་དང་། ངོས་འཛིན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཕྱུག་བསྒྱུར་ནུས་པ་ཆེ་རུ་གཏང་དགོས་པ་དང་ཧུར་ཐག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞན་བརྟེན་གྱི་བསམ་བློ་བསྒྱུར་བཅོས་བྱས་ཏེ། མང་ཚོགས་ཀྱི་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་གོང་སྤེལ་དང་ཡོང་འབབ་འཕར་སྣོན་ཡོང་བར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1