ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་རིག་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ལན་ཀྲུའུ་རུ་བདེ་བླག་ངང་མཇུག་སྒྲིལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 05-20


        2016ལོའི་ཟླ་5པའི་ཚེས་14ཉིན་ནས་ཚེས་15ཉིན་བར། ཀན་སུའུ་ཞིང་ཆེན་རིག་རྩལ་མཐུན་ཚོགས་དང་《མི་རིགས་རྩོམ་རིག》དུས་དེབ་ཁང་གིས་མཉམ་བསྒྲུབ་མཛད་པ་དང་། ཀན་སུའུ་ཞིང་ཆེན་རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་སྐབས་གསུམ་པའི་ཀན་སུའུ་རིག་རྩལ་གླེང་སྟེགས་ཏེ་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཕ་སྐད་རྩོམ་རིམ་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ལན་ཀྲུའུ་རུ་བསྡུས། 《མི་རིགས་རྩོམ་རིག》དུས་དེབ་ཁང་གི་རྩོམ་སྒྲིག་པ་གཞོན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་བྱང་ཕྱོགས་སོག་རིགས་རང་སྐྱོང་རྫོང་། ཨ་ཁུ་སའེ་ཧ་སག་རང་སྐྱོང་རྫོང་སོགས་ཀྱི་རྩོམ་པ་པོ་དང་། རིག་རྩལ་དཔྱད་བརྗོད་པ། ཆེད་མཁས་པ། གསར་འགྱུར་འཕྲིན་སྦྱོར་ལས་རིགས་ཀྱི་མི་སྣ་90ལྷག་ཚོགས་འདུར་ཞུགས། 

        གླེང་སྟེགས་ལ་ཆེད་མཁས་པའི་འཆད་ཁྲིད་དང་ཚན་དབྱེ་བགྲོ་གླེང་། ཚོགས་ཆེན་གཏམ་བརྗོད་བཅས་རྣམ་པ་གསུམ་དུ་དབྱེ་ཡོད། གཙོ་བོར་ཀན་སུའུ་ཞིང་ཆེན་ས་ཁོངས་ཀྱི་བོད་རིགས། སོག་རིགས། ཧ་སག་རིགས་ཀྱི་ཕ་སྐད་རྩོམ་རིག་གསར་རྩོམ་དང་ཀན་སུའུ་ས་ཁོངས་ཀྱི་ཡུ་གུར་རིགས། ཧེ་ཧུ་རིགས་སོགས་ཀྱི་རྩོམ་རིག་གསར་རྩོམ་ལ་ཞིབ་འཇུག་བགྲོ་གླེང་བྱས་ཤིང་། གཙོ་བོར་ཉེ་བའི་ལོ་ཤས་རིང་དུ་ཀན་སུའུ་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་དང་ད་ལྟའི་གནས་བབ། དངོས་ཡོད་གནད་དོན་ལ་དམིགས་ཏེ་ཞིབ་འཇུག་བགྲོ་གླེང་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1