སྤྱི་ཟླ་5པའི་ཚེས་22ཉིན། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྟེང་ཆེན་མཐའ་སྲུང་རུ་ཆེན་གྱི་དཔོན་དམག་ཚོས་ཁོངས་གཏོགས་ཁུལ་དུ་བདེ་འཇགས་སྐོར་ཞིབ་བྱེད་བཞིན་པ།
སྤྱི་ཟླ་5པའི་ཚེས་22ཉིན་གྱི་དུས་ཚོད་9དང་སྐར་མ་48ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་རིམ་པ་5.3གྱི་ས་འགུལ་བྱུང་ཞིང་འགུལ་ཁུངས་ཀྱི་གཏིང་ཟབ་ཚད་ལ་སྤྱི་ལེ་10ཙམ་ཡོད། དུས་ཚོད་9དང་སྐར་མ་32ཀྱི་སྟེང་འགུལ་ཁུངས་ཉེ་འཁོར་དུ་རིམ་པ་4.1གྱི་ས་འགུལ་བྱུང་བ་དང་། དུས་ཚོད་10དང་སྐར་མ་05ཡི་སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ་5.3གྱི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཟབ་ཚད་ལ་ཧ་ལམ་སྤྱི་ལེ་6ཡོད། །