གློག་བརྙན་《དཀོན་མཆོག་སྒྲོལ་མ།》

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 05-30


      ཉེ་ཆར། དངོས་བྲིས་གློག་བརྙན་《དཀོན་མཆོག་སྒྲོལ་མ།》ཞེས་པ་སྐབས་69གྷ་ནཱ་གློག་བརྙན་དུས་ཆེན་ཐོག་གཟིགས་འབུལ་གནང་ཞིང་། གློག་བརྙན་གྱི་གཙོ་འཁྲབ་པའི་ཕུགས་འདུན་ལ་སྙེག་པའི་གཏམ་རྒྱུད་དེས་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད། དཔྱད་འདེམ་པ་དང་ཕྱོགས་སོ་སོའི་སྐུ་མགྲོན་དག་གི་གདེང་འཇོག་ཚད་མཐོན་པོ་ཐོབ། 

      གནས་ཚུལ་རྒྱུས་ལོན་པ་ལྟར་ན། གཙོ་འཁྲབ་པ་དཀོན་མཆོག་སྒྲོལ་མ་གྷ་ནཱའི་ཚན་ཆུང་ཨུ་ཡོན་ལྷན་ཚོགས་ཀྱིས་བཀོད་སྒྲིག་ལྟར་ས་གདན་དམར་པོའི་སྟེང་དུ་བགྲོད་པ་དང་། གྷ་ནཱའི་བྱ་འགུལ་མཇུག་སྒྲིལ་རྗེས་མོ་ཡང་འཁྲབ་ཁྲིད་པ་དང་འགྲོགས་ཏེ་ལོན་ཏོན་རྒྱ་སྐད་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་ཐོག་ཏུ་ཞུགས་ཤིང་། གློག་བརྙན་དུས་ཆེན་འདི་ནི་ལོན་ཏོན་སློབ་ཆེན་རྒྱལ་པོའི་སློབ་གླིང་དང་དབྱིན་ཇི་གློག་བརྙན་སློབ་ཚོགས་ལྷོ་འགྲམ་ལྟེ་གནས་སུ་སྤེལ་བ་དང་། གློག་བརྙན་《དཀོན་མཆོག་སྒྲོལ་མ།》ཡང་སྟབས་ལེགས་པའི་ངང་དངོས་བྲིས་གློག་བརྙན་གཙོ་འགྲན་སྡེ་ཚན་དུ་ཚུད་པར་མ་ཟད་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་རྩོད་པའི་གོ་སྐབས་ཀྱང་ཐོབ།།   




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1