ཆང་བཏུང་མ་ཐག་ཇ་འཐུང་མི་རུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


 

     མི་མི་ཉུང་བ་ཞིག་ལ་ཆང་བཏུངས་མ་ཐག་ཏུ་ཇ་འཐུང་བའི་གོམས་སྲོལ་ཡོད། དེ་རྣམས་ཀྱི་བསམ་པར་ཆང་བཏུང་འཕྲལ་ཇ་བཏུང་ན་སྐོམ་པ་སངས་ལ་ཆང་ཡང་སངས་ཐུབ་རྒྱུ་རེད་སྙམ། ཡིན་ནའང་འདི་ལྟར་བྱས་ན་ལུས་སེམས་ཀྱི་བདེ་ཐང་ལ་གནོད་པ་སྐྱེལ་སྲིད་པ་དེ་མི་ཤེས་པ་རེད།
མི་ལ་ཆ་མཚོན་ན་ཆང་བཏུངས་རྗེས་ཆང་ནང་གི་ཆང་བཅུད་བརྒྱ་ཆའི་བརྒྱད་ཅུ་དེ་མཆིན་པས་ཁ་ཐོར་བཏང་སྟེ་ཡེ་ཁྱོན་དུ་གྱུར་པ་དང་། དེ་རྗེས་ཡང་ཁ་ཐོར་བཏང་སྟེ་ཆུ་དང་ཨེར་དབྱང་ཧ་ཐན་དུ་གྱུར་ནས་ལུས་པོའི་ཕྱི་རུ་བཏང་བར་བརྟེན། ཆང་སངས་པའི་བྱེད་ནུས་བཏོན་པ་རེད། འོན་ཀྱང་འདི་ལྟ་བུའི་ཁ་ཐོར་གཏོང་བའི་ནུས་པ་དེ་མི་སྤྱིར་བཏང་བར་ཆུ་ཚོད་གཉིས་ནས་བཞིའི་བར་དགོས།  དེར་བརྟེན་ཆང་བཏུངས་མ་ཐག་ཏུ་ཇ་འཐུང་ན་ཡེ་ཁྱོན་དེ་མཁལ་མ་བརྒྱུད་དེ་མྱུར་དུ་ལུས་ཀྱི་ཕྱི་རུ་བཏང་སྟེ་ཆང་སངས་པར་འཇུག་ཐུབ་མོད།   འོན་ཀྱང་མཁལ་མར་ཕོག་ཟུག་ཐེབས་སུ་བཅུག་པས་མཁལ་མའི་ནུས་པ་དམའ་རུ་བཏང་བ་དང་།  དུས་མཚུངས་སུ་ཇ་མང་དྲགས་པ་བཏུངས་ན། སྙིང་དང་མཁལ་མའི་ཁུར་པོ་ཇེ་ཆེར་གཏོང་སྲིད་པས་ཁྲག་ཤེད་མཐོ་བ་དང་སྙིང་གཟེར་བའི་ནད་བྱུང་མཁན་ལ་ལྷག་པར་ཕན་པ་མེད་དོ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1