ཕོ་བ་ན་བའི་གསོ་ཐབས་སྟབས་བདེ་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


    གལ་ཏེ་ཁྱེད་ཀྱི་ཕོ་བའི་མེ་དྲོད་ཉམས་ནས་ན་གཟེར་སྐྱེས་ན། ཁྱེད་ཀྱིས་གོ་སྙོད་དང་ལྒ་སྐྱ་སྐམ་པོ། རུ་ཏ་བཅས་སོ་སོར་བྱས་ནས་ཁེ་5དང་ཤིང་མངར་ཁེ་6བཅས་གདུས་ནས་འཐུངས་ན་ཕོ་བའི་ན་གཟེར་འཇོག་ཐུབ། གཞན་ཡང་། ཕོ་བར་ཚ་རྒྱས་ནས་གཟེར་བ་ཡིན་ན། ཕག་གི་ཕོ་བ་ཁེ་500དང་ཁུར་མོང་ཁེ་50མཉམ་དུ་བཙོས་ནས་ཚོས་རྗེས། ཕག་གི་ཕོ་བ་ཟ་བ་དང་ཁུ་བ་འཐུང་བ་དང་། གཟའ་འཁོར་རེར་ཐེངས་གཅིག་རེ་འཐུངས་ན་ཕོ་བའི་ན་གཟེར་ཡུན་གྱིས་འཇོག་སྲིད། དེ་མིན་ད་རུང་ཕོ་བ་བསྐྱུར་བས་ན་བ་ལ། སྒོང་ཤུན་བཏུལ་མ་ཐེངས་རེར་ཁེ3བླངས་ན། ཆུ་ཁོལ་གྱིས་དེད་ནས་ཉིན་རེར་ཐེངས་གཉིས་ནས་གསུམ་འཐུངས་ན་ཕན་འབྲས་ཧ་ཅང་བཟང་། གཞན་ད་རུང་ཇ་ལོ་ཁེ་3ནས་5བར་ཀ་ར་དཀར་པོ་ཁེ་20ནས་30བྱས་ཏེ་ཆུ་ཁོལ་གྱིས་སྦང་ནས་འཐུངས་ནས་ཕོ་སྐྱུར་མི་འདང་བ་ལས་བསླངས་པའི་ན་བ་འཇོག་ཐུབ། དེ་ལས་གཞིན་གཡེར་མ་ཁེ3དང་སྒ་སྐྱ་སྐམ་པོ་ཁེ་6། གླ་སྒང་ཁེ་12བཅས་མཉམ་དུ་གདུས་ནས་འཐུང་ན་ཕོ་བ་གང་ཡིན་ཚང་མ་གསོ་བའི་ཆེས་འབུར་དུ་ཐོན་པའི་ནུས་པ་ཆེན་པོ་ལྡན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1