ས་མཐོའི་བུ་མོའི་བདེ་ཐང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


      སྤྱི་ཟླ་གསུམ་པའི་ཚེས་བརྒྱད་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་རེད། གསུམ་པའི་ཚེས་བརྒྱད་ནི་བུད་མེད་རྣམས་ཀྱིས་འདྲ་མཉམ་དང་ཐོབ་ཐང་བརྩོན་ལེན་བྱེད་པའི་ཉིན་མོ་ཞིག་རེད། བུད་མེད་ནི་གནམ་ཕྱེད་ཀའི་ བདག་པོ་ཡིན་ལ། བུད་མེད་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཡོངས་ཀྱི་བདེ་ཐང་དང་འབྲེལ་ནས་ཡོད། བོད་ཁུལ་ཀྱི་བུད་མེད་རྣམས་ཁྲེལ་དང་ངོ་ཚ་ལ་འཛེམས་པའི་ཡ་རབས་ཀྱི་གཤིས་སྤྱོད་གང་མང་ཡོད་ཀྱང་། ནད་ན་བ་དང་། ཁྱད་པར་མོ་ནད་སོགས་བྱུང་བ་ནི་སྡུག་པོ་དང་། ངོ་ཚ་བའི་བྱ་བ་ཞིག་ལ་ངོས་བཟུང་ནས་དུས་ཐོག་ཏུ་སྨན་པ་ལ་མི་བསྟེན་པ་དང་། སྨན་པ་ལ་སྐད་ཆ་དྲང་པོ་མི་བཤད་པ་སོགས། ནད་ཆུང་ཆུང་གིས་ཆེན་པོར་ཆགས་པའི་གནས་ཚུལ་ལ་དམིགས་ནས། ཐེངས་འདིར་བྱམས་པའི་ཁ་བརྡ་ལེ་ཚན་དུ་དཀར་མཛེས་ཁུལ་བོད་སྨན་ཁང་གི་སྨན་པ་ཨ་ཀྱ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཉི་སྒྲོན། ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབང་ཆེན་ལྷ་མོ་བཅས་དང་མཉམ་དུ་ས་མཐོའི་བུ་མོའི་བདེ་ཐང་སྐོར་ནས་ཁ་བརྡ་བྱ་རྒྱུ་ཡིན། 

     མདོ་འཛིན་པ།  
     དེ་རིང་ནི་ང་ཚོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་རེད། རྒན་རྣམ་པ་གསུམ་དང་བརྙན་འཕྲིན་ལ་ལྟ་བཞིན་པའི་བུད་མེད་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། རྒན་ཨ་ཀྱ་ལགས་ཡིན་ན་ང་ཚོ་བཞིའི་ནང་གི་སྨན་པ་རེད། རྒན་ལགས་སྨན་པ་བྱས་ ནས་ལོ་ག་ཚོད་ཡིན།
     ཨ་ཀྱ།  
     ལོ་ཉི་ཤུ་ཁ་གྲངས་རེད།
     མདོ་འཛིན་པ། 
     དེས་ན་སྤྱིར་བཏང་སྨན་པ་ཞིག་གི་ངོས་ནས་བཤད་ན།  ནད་པ་ལ་ལྟ་བའི་སྐབས་སུ། ང་ཚོ་བུ་ཡིན་ན་མི་སྐྱོན་འདུག། ཁྱེད་ཚོ་བུད་མེད་ཚོ་ཡིན་ན་མོ་ནད་དང་། ཟླ་མཚན། ནུ་སྐྲན་ལ་སོགས་ནད་འགའ་རེ་ཡོད་རེད། ནད་དེ་དག་སྨན་པ་ལ་བསྟེན་དུ་ཡོང་སྐབས། ཁོ་ཚོར་ནད་རྟགས་འདྲི་དུས་ཡང་ངོ་ཚ་བཞིན་ཡོད། རྒན་ཁྱེད་རང་དེ་འདྲ་ངོ་ཚ་བའི་གནས་ཚུལ་འདྲ་ཐུག་ཨེ་མྱོང་།
     ཨ་ཀྱ། 
     ངའི་སར་ནད་ལྟ་བར་ཡོང་སྐབས།  ཁོ་ཚོས་ངོ་ཚ་ཆེན་པོ་བསམ་བཞིན་ཡོད། 
ནད་པ་རྣམས་ཀྱིས་མོ་ནད་ན་བཞིན་ཡོད་ཀྱང་མཆིན་ཁ་ན་བཞིན་འདུག་ཟེར།     མཆིན་ཁ་ན་བཞིན་འདུག་ཟེར་ན་ང་ཚོས་ཧ་གོ་མི་ཐུབ་པས།  སྨན་པ་རྣམས་ཀྱིས་མཆིན་ཁར་སྨན་བཅོས་བྱས་རུང་ནད་དྲག་མི་ཐུབ།  
      ང་འདྲ་ཡིན་ན་བུད་མེད་ཡིན་པས། ཁོ་ཚོར་སྐབས་རེ་དྲིས་པ་ཡིན། ཟླ་མཚན་དུས་ལྟར་འབབ་ཨེ་ཡོང་སོགས་དྲིས་ན།  ཁོ་ཚོས་ང་ལ་ལྐོག་གཏམ་ཚུལ་གྱིས་ཟླ་མཚན་ཡོང་འདུག་ཟེར། འགའ་རེས་ཟླ་མཚན་མི་ཡོང་འདུག ཟླ་བ་རེ་རེའི་ནང་ཡག་མོ་ཡོང་གི་མི་འདུག་ཟེར།  ཡང་དུས་རྒྱུན་དུ་དཀར་པོ་འདྲ་ཡོང་གི་འདུག དཀར་པོ་མང་པོ་ཡོང་ཟེར་མཁན་ཡང་ཡོད།  ང་ཚོ་སྨན་པ་རྣམས་ཀྱིས་སྨན་བཅོས་བཟོ་སྐབས།  ངོ་ཚ་མཁན་དེ་ཚོ་ལ་ངོ་ཚ་དགོས་དོན་ཡོད་མ་རེད།    ཁྱོད་ཚོར་ནད་ཅི་འདྲ་ཡོད་ན་ཟེར་དགོས་རེད་ཟེར་བཞིན་ཡོད། 
    མདོ་འཛིན་པ།  
     རེད། ནད་པ་ངོ་ཚ་རུང་སྨན་པ་ངོ་ཚ་རྒྱུ་ཡོད་མ་རེད།
     ཨ་ཀྱ།   
     ནད་པ་ངོ་ཚ་ན་ཡང་སྨན་པ་ཡིས་དེ་འདྲི་དགོས་པས། ཁྱོད་ཚོ་ངོ་ཚ་དགོས་པ་མ་རེད་ཅེས་བཤད་པ་དང་ནད་གསལ་བོར་འདྲི་དགོས།  ན་ལུགས་མ་བཤད་ན་ནད་ཅི་ཡིན་པ་ ཧ་གོ་མི་ཐུབ། བོད་སྨན་འདྲ་ཡིན་ན། ཆུ་རྟགས་ལ་བལྟ་བ་དང་ལག་རྩ་ལ་བརྟག་པ་ཡིན། ཆུ་རྟགས་ལ་བལྟ་བའི་སྐབས་སུ་གྲང་བའི་ནད་སོགས་ཡོད་མེད་ཕལ་ཆེ་བ་ཧ་གོ་ཐུབ།བརྟག་དཔྱད་བྱེད་སར་འགྲོ་བའི་སྐབས་སུ་བརྟག་དཔྱད་ཡག་མོ་མ་བཟོས་ནས།མཆིན་ཁ་ན་ཟེར་ན། མཆིན་ཁ་མ་གཏོགས་ལྟ་མ་རེད།རྒྱུ་ཞབས་ན་ཟེར་ན། ཕོ་བ་ན་ཟེར་ན། ཁོ་ཚོས་ཕོ་བར་བལྟས། ཡང་མིན་ན་བྲང་ན་ཟེར་ན། བྲང་ལ་ལྟ་བ་མ་གཏོགས་ཁ་ཁ་ལ་ལྟ་མ་རེད། དེ་འདྲའི་ངོ་ཚ་མཁན་ཡང་ཡོད།
     མདོ་འཛིན་པ།
     སྤྱིར་བཏང་བཤད་ན་རྒན་ཉི་སྒྲོན་ཡིན་ནའང་རེད།  དབང་ཆེན་ཡིན་ན་རེད།  ངས་གལ་སྲིད་ཟེར་བ་ཡིན།ཁྱེད་ཚོ་ལ་སྤྱིར་བཏང་དེ་འདྲའི་ནད་འདྲ། དཔེར་ན། བུད་མེད་ཁོ་རང་ལ་ཡོད་རྒྱུའི་ནད།སྨན་ཁང་དུ་བསྟེན་པར་འགྲོ་ རྒྱུར་ངོ་ཚ་རྒྱུའི་སྣང་བ་འདྲ་ཡོད་ཨེ་མྱོང་།
     ཉི་སྒྲོན། 
      དེ་འདྲར་སྤྱིར་བཏང་ངོ་ཚ་བྱས་མྱོང་མེད།ངས་བསམ་ན་དེའི་ཐད་ལ་དྲིལ་བསྒྲགས་ ཆེན་པོ་བྱེད་དགོས་གི་འདུག ལྷག་པར་དུ་ང་ཚོའི་ཞིང་འབྲོག་ས་ཁུལ་དུ།  བུད་མེད་ཚང་མ། དྲིལ་བསྒྲགས་མ་བཏང་པས་ཁོ་ཚོས་ངོ་ཚ་བྱེད་ཀྱི་འདུག བུད་མེད་ཀྱི་ནད་དེ་ཆང་ས་བརྒྱབ་ཚར་དུས།བཟའ་ཚང་གི་འཚོ་བ་རོལ་ཚར་དུས། སྤྱིར་བཏང་ན་ཚ་དེ་ སླེབས་ཀྱི་འདུག དེ་ཡིན་དུས། ངའི་ལྟ་བ་འདྲ་ཡིན་ན། གཅིག་ནས་རང་གི་བདེ་སྲུང་ཐད་ཞེ་དྲག་དོ་སྣང་བྱེད་དགོས་གི་འདུག དཔེར་ཆ་བཞག་ན། ང་རང་ཚོའི་ ཞིང་པ་དང་འབྲོག་པའི་ས་ཁུལ་དུ། འཐུང་ཡ་ཡིན་ན་འདྲ། མངར་ཆུ་མང་པོ་འཐུང་གི་འདུག དེའི་ཁར། གཙང་སྦྲ་བྱེད་ཡ་དེ་དེ་ཙམ་འདང་གི་མི་འདུག དེ་མ་ཚད། ངོ་ ཚ་དེ་གཅིག་བྱས། ང་སྔོན་ཆད་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་བརྙན་འཕྲིན་གྱི་ལས་ཀ་བྱེད་དུས།  ལོ་ལྟར་གཞི་རིམ་དུ་འགྲོ་གི་ཡོད།  དེ་དུས་སྟབས་བདེ་བོ་ཡོད་རེད།  དཔེར་བཞག་ན། ངས་སྙིང་ཁའི་སྨན་དང་། བུད་མེད་ཀྱི་སྨན་མང་པོ་ཁྱེར་འགྲོ་གི་ཡོད། སྨན་ཕར་སྤྲད་ན་ཁོ་ཚོ་ངོ་ཚ་བྱེད་གི་འདུག ངས་སྨན་བེད་སྤྱོད་བྱེད་སྟངས་བཤད་དུས།ངོ་ཚ་ཆེན་པོ་བྱེད་ཀྱི་   འདུག ངས་དེ་འདྲ་མཐོང་མྱོང་ཡོད། ཨ་མདོའི་ས་ཆ་ལ་ཕྱིན་དུས། ངས་བུ་མོ་དེ་འདྲ་ཞིག་  མཐོང་མྱོང་ཡོད།ཁོ་ཚོ་ངའི་ས་ལ་མང་ཊ་གཡར་སར་སླེབས་བྱུང་།ན་ཚ་ཤུགས་  ཆེན་པོ་རེད།རྫོང་ཐོག་གི་སྨན་ཁང་གིས་བཅོས་ཐུབ་གི་མི་འདུག ཕྱིས་སུ་ཁུལ་སྨན་ཁང་དུ་སྐྱེལ་སོང་།ང་ཡང་ལྟ་རུ་སོང་བ་ཡིན། བུད་མེད་དེའི་ན་ཚ་སྡུག་ཤོས་སུ་གྱུར་འདུག སྤྱིར་བཏང་ཁག་པོ་འདུག ཕལ་ཆེར་སྐྲན་ལ་གྱུར་ཚར་ཡོད་པ་འདྲ།  ག་འདྲ་བྱས་པ་རེད་ཟེར་ན། ན་ཚ་རྙིང་པ་ཆགས་འདུག དེའི་ཐོག་ལ། ངས་ཇོ་ལགས་ལོ་ཆུང་ཆུང་དེ་ཚོ་ལ།དུས་རྒྱུན་དེ་འདྲ་ལབ་ཀྱི་ཡོད།བུད་མེད་ཀྱིས་གཙང་སྦྲ་བྱེད་དགོས་པས་མ་ཚད།ལྷག་པར་དུ་ཇོ་ལགས་ཚང་མས་གཙང་སྦྲ་བྱེད་དགོས་རེད།བུད་མེད་ཀྱིས་སྨན་བཅོས་བྱས། གཙང་སྦྲ་བྱས། ཇོ་ལགས་ཀྱིས་གཙང་སྦྲ་མ་བྱས་ན། ཡང་ན་ཚ་དེ་བསྐྱར་ལོག་ བརྒྱབ་ནས་ཡོང་རེད། སྤྱིར་བཏང་ང་ས་ཆ་གང་ལ་ཆས་ཡང་། དྲིལ་བསྒྲགས་བྱེད་ཀྱི་   ཡོད།ངོ་ཚ་དགོས་མ་རེད།
     མདོ་འཛིན་པ། 
     དབང་ཆེན་ཁྱེད་རང་ཡིན་ན། 
     དབང་ཆེན། 
     ང་རང་འདྲ་ཡིན་ན། སྔོན་ཆད་སློབ་གྲྭ་ན་ཡོད་དུས་ངོ་ཚ་རེད།   དཔེར་ན་ཟླ་མཚན་འབབ་དུས། ཕོ་བ་ཅི་ཚད་ན་ན། ཕོ་བ་ཨེ་ན་ཟེར་ན། མི་ན་མ་གཏོགས་ན་ཟེར་མ་མྱོང་།
ག་འདྲ་རེད་ཟེར་ན་ང་ཚོ་བོད་ཡིག་སློབ་འབྲིང་ནང་ནས་མཐར་ཕྱིན་ཡོང་རེད། 
     སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་འདྲ་ཨེ་ཡིན་ན། དཔེ་ངོ་ཚ་གི་འདུག
དཔེར་ན་ཟླ་མཚན་འདྲ་འབབ་དུས་ཤོག་བུ་འདྲ་ཉོ་གི་འགྲོ་དགོས་རེད།   སེམས་  ནད་ཆེ་ཤོས་དེ་དེ་རེད། ད་འདི་ཅི་འདྲ་བྱས་ནས་ཉོ་དགོས་རེད། གཅིག་གིས་རིག་  འགྲོ་ས་རེད་བསམ་ནས། ཧ་ཅང་ངོ་ཚ། ད་ལྟ་འདྲ་ཡིན་ན། རིག་རྒྱུ་མཐོང་རྒྱུ་མང་ཡོང་དུས་ན། བུད་མེད་ཀྱི་མོ་ནད་འདྲ་ཡིན་ན་ངོ་ཚ་རྒྱུ་ཅི་ཡོད་མ་རེད་ཨེ་རེད། 
ནད་སུ་གཅིག་ལ་ཕོག་བྲོ་མ་རེད། ཁོ་རང་སླེབས་ཡོང་གི་རེད། བསམ་བློ་བཏང་     ཡོང་དུས། ངོ་ཚ་ནས་བསྡད་རྒྱུ་མེད།    ཡིན་ན་མིན་ན། ན་ཡོང་དུས་ཕར་སྨན་པ་ལ་
བསྟེན། དུས་རྒྱུན་རང་གིས་གཙང་སྦྲ་བྱས། གལ་ཏེ་མ་བྱས་ན།  མཐའ་མ་ངོ་མ་ནད་ལྕི་མོ་ཆགས་ནས། ད་ལྟ་བོད་ཁུལ་འདྲ་ཡིན་ན།མོ་ནད་འདྲ་ན་ནས་དངོས་གནས་   དཀའ་ལས་གཏོད་མཁན་མང་པོ་མང་པོ་རེད། དཔེར་ན། ད་ལྟ་རྒན་ལགས་ཀྱིས་ཟེར་རེད། ཁོ་ཚོ་མོ་ནད་ན་གི་ཡོད་ན། ཕོ་ཁ་ན་འདུག་ཟེར།
     མདོ་འཛིན་པ། 
     དཔེར་ན་སྨན་ཁང་ནང་ནས་སྨན་པ་ལ་ཟེར་ནས།  ཕོ་ཁ་ན་འདུག་ཟེར་ན། 

 ཁོ་ཕོ་བ་བལྟ་སར་གཏོང་བ་མ་གཏོགས།  ཡང་མོ་ནད་ཀྱི་ཚན་ཁག་ནང་གཏོང་རྒྱུ་མ་རེད།
     ཨ་ཀྱ།  གཏོང་རྒྱུ་མ་རེད།  
     ཁོ་ཚོ་ད་ལྟ་ནད་བལྟ་ས་ཁྲིད་ཡོང་མཁན་ ཁོ་ཚོའི་ཨ་ཞང་འདྲ་འདྲ།  ཡང་མིན་ན་ཁོ་ཚང་གི་ཉེ་བ་ཆེ་ས་འདྲ་དེ་འདྲ་རེད། དེ་བས་ངོ་ཚ་ནས་ཁོ་ཚོ་ལ་གཏན་ནས་མི་ཟེར། 
ནད་འདི་འདྲ་ཡོད་འདུག་ཟེར་མ་རེད།
     མདོ་འཛིན་པ། 
     ནད་རོགས་འཁྲིད་མཁན།  གལ་ཏེ།   ཕ་གཅིག་གིས་བུ་མོ་གཅིག་འཁྲིད་འགྲོ་ན།
བུ་མོར་ཟེར་བདེ་མོ་ཡོད་མ་རེད། ཡང་གལ་སྲིད་མྱིང་པོ་གཅིག་གིས།      མྱིང་སྲིང་གཉིས་འགྲོ་དགོས་ན་ཁོ་ཚོ་ལ་ཟེར་བདེ་མོ་ཡོད་མ་རེད།
     ཨ་ཀྱ། 
     ཟེར་བདེ་བོ་ཡོད་མ་རེད། ཁོ་ཚོ་དེ་ཡིས་ཐོག་ན་ངོ་ཚ་དགོས་རྒྱུ་འདྲ་འདྲ། གཉིས་ཡིན་ན། ངོ་མ་བཤད་ན་མོ་ནད་སྐོར་ཡིན་ན། གསོ་བ་རིག་པའི་ནང་གསུངས་ཡོད་རེད། 
མོ་ནད་ལ་ནད་རིགས་བཞི་བཅུ་ཐམ་པ་འདྲ་ཡོད་རེད།དེས་ཁྱེད་རང་གིས་ནད་ངོས་འཛིན་མ་ཐུབ་ན། ནད་བཅོས་ཅི་འདྲ་བཟོས་རུང་ནད་པ་ཁོ་རང་དྲག་ཐུབ་རྒྱུ་མ་རེད། 
ནད་གཡོག་ཚོས་ཁོར་བརྟག་དཔྱད་བཟོས་ན་སྨན་ཁང་ཚང་མས་བཤད་ན། ང་ལ་  ནད་མེད་ཟེར་རེད། ནད་མེད་པ་ག་ལ་ཡིན། དེ་ནད་ལ་ལྟ་ས།   དམིགས་ཡུལ་དེ་ཧ་གོ་མ་ཐུབ་པ་རེད།  གཙོ་བོ་རྗེས་མ་འདྲ་ཡིན་ན། ན་ལུགས་ཟེར་དགོས་རེད། གང་ན་གི་འདུག  ན་ས་གཙོ་བོ་དེ་ཅི་རེད།  ངོ་ཚ་རྒྱུ་ཡོད་མ་རེད།
     མདོ་འཛིན་པ། 
མགོ་ན་ན་མགོ་ན་ཟེར་བ་མ་གཏོགས།  མགོ་ན་ན་རྐང་པ་ན་མི་ཟེར་བ།
     ཨ་ཀྱ། 
     རེད། སྐད་ཆ་ཡག་མོ་བཤད། སྨན་པ་ཚོར་ཡག་མོ་བཤད།   སྨན་བཅོས་ཡག་མོ་བཟོ་བ་མ་གཏོགས། བརྟག་དཔྱད་བཟོ་བའི་སྐབས་སུ་ཁོ་ཚོས་ཧ་ཡག་མོ་གོ་མ་རེད།
གལ་ཏེ་བརྟག་དཔྱད་འདྲ་བཟོ། དུས་རྒྱུན་འདྲ་ཡིན་ན། བུ་མོ་ཁོ་རང་འདྲ་ཡིན་ན།
གཙང་སྦྲ་ཡག་མོ་འདྲ་བཟོ་དགོས་རེད།  ད་གྱོ ན་རྒྱུ་འདྲ་འདྲ། ང་ཚོ་གཟུགས་པོ་བཀྲུ་ས་འགྲོ་ན།བཀྲུ་ས་གཙང་མ་འདྲ་འདྲ། དེ་ཚོ་ཚང་མ་དུས་རྒྱུན་ཡག་མོ་འདྲ་བཟོས་ན།  
དེའི་ནད་དེ་འབྱུང་རྒྱུ་མ་རེད།
     དབང་ཆེན།  
      རེད།  ད་ལྟ་རྒན་གྱིས་བཤད་ན། ནད་པ་བསྟེན་མཁན་ཁོ་རང་གིས་
རང་གི་ནད་གསལ་པོ་བཤད་དགོས་རེད་ཟེར། ཡང་དཔེར་ན་ནད་གཡོག་འདྲ་ཡིན་ན། ནད་པ་བསྟེན་མཁན་གྱི་རོགས་པ་འདྲ་ཡིན་ན་ཧ་ཅང་གལ་ཆེན་པོ་རེད། 
དཔེར་ན། འུ་ཚོའི་བོད་ཁུལ་འདྲ་ཡིན་ན།  རང་གི་ཨ་ཕ་ཟེར་རྒྱུ་འདྲ། མྱིང་པོ་ཟེར་རྒྱུ་འདྲ། དེ་ཚོ་ཡིན་ན་སྐྲག་མོ་འཛེམ་རེད། དཔེར་ན། ཁ་སང་ང་ཚོའི་གྲོགས་པོ་ཞིག་གིས་ཟེར་རེད། བོད་ཁུལ་ནས་བུ་མོ་གཅིག་ན་ནས་ཁྲེང་ཏུའུ་ལ་སྨན་པར་བསྟེན་སར་ཡོང་བ་རེད་ཟེར།  ཁོ་ལ་རོགས་པ་ཡོང་མཁན་དེ་ཁོ་རང་གི་མྱིང་པོ་གྲྭ་པ་ཞིག་རེད་ཟེར། 
གྲྭ་བ་འདྲ་ཡིན་ན་ཁྱིམ་ནང་གི་ཅུང་ཤེས་མཁན་འདྲ་དེ་རེད།འདི་ན་ཡོང་དུས།
བུ་མོས་ཡང་མཆིན་ཁ་ན་གི་འདུག་ཟེར་ཡོད་ས་རེད། མཆིན་ཁ་ན་གི་འདུག་ཟེར་ནས་སྨན་ཁང་ནང་བསྟེན་སོང་བ་རེད། ཁོ་ཚོས་མཆིན་ཁ་ན་གི་འདུག་ཟེར་ན། མཆིན་   ཁར་བལྟ་སར་འཁྲིད་འགྲོ་རེད། 
     ཨ་ཀྱ།  
     ད་ལྟ་ནད་རིགས་ཀྱི་དབྱེ་བ་ཁ་གསལ་པོ་ཕྱེས་ཡོད་རེད། དེས་ཁྱེད་ཀྱིས་གང་ན་ཟེར་ ན་དེར་བལྟ་སར་འཁྲིད་འགྲོ་རེད།
     དབང་ཆེན། 
དེ་འདྲ་བྱས་ནས་འཁྲིད་རེད།དེ་ནས་ཁོ་རང་ཕོ་ཁ་དང་འབྲེལ་བ་ཡོད་མཁན་གྱི་    བརྟག་དཔྱད་ཚང་མ་བྱས་ནས་ཉི་མ་ཁ་ཤས་བསྡད་ཟེར། ནད་ཅི་ཡང་མི་འདུག་ཟེར་ཡོད་རེད། ད་ཁོ་ཚང་གི་མྱིང་པོ་  དང་ཁོ་གཉིས་ཟེར་ནས་སང་ཉིན་ཕ་ཡུལ་ཡར་བུད་འགྲོ་ ཟེར། ནད་མེད་གི་ཟེར་རེད།  ཡིན་ན་ཡང་། བུ་མོ་སྐྲག་མོ་ན་གི་ཡོད་རེད། ཁོ་
གཉིས་བསྡད་སའི་མགྲོན་ཁང་དེ། བོད་ཀྱིས་ཁྲེང་ཏུའུ་ན་མགྲོན་ཁང་ཕུབ་མཁན་མང་པོ་ཡོད་པ་དེ་འདྲ་རེད། མགྲོན་ཁང་གི་བདག་མོ་དེས་ཟེར་ན། དྲི་མ་ངན་པ་ཞིག་བྲོ་ བཞིན་འདུག ཁྱོའི་ནད་དེ་ཡག་མོ་བསྟེན་ཡོད་ས་མ་  རེད། དྲི་མ་ཞིག་བྲོ་འདུག་གི  མྱིང་པོ་ཁྱེད་རང་སྡོད་དང་། ང་འགྲོ་ནས་ཡང་བསྐྱར་ཞིག་བསྟེན་ཟེར།  དེ་ནས་ཁོ་ ཡིས་མོ་ནད་བསྟེན་སར་འཁྲིད་ཡོད་ས་རེད།  མོ་ནད་ བསྟེན་སར་འཁྲིད་ཡོང་དུས། བུ་སྣོད་ཚང་མ་ཕར་རུལ་ཚར།ཁྲག་དང་རྣག་ཡོང་ནས།  བུ་མོ་དེས་རྐང་སྣམ་བཞི་  གྱོ ན་ཡོད་གི་ཟེར། ད་རུང་རས་འདྲ་མང་པོ་བཞག་ཡོད་འདུག བསྡོམས་ཆེ་ནས་    བསྡད་ཡོད་རེད་ཟེར། སྙིང་རྗེ། ཁོ་རང་ལ་བསམ་བློ་ཞིག་ཐོངས་དང་། ཅི་འདྲའི་ན་ཚ་ཞིག་ཡོད་རེད། རེད་དེ་མོས་ གསང་ནས་བསྡད་ཡོད་རེད།  
     ཉི་སྒྲོན། 
     དེའི་ཐོག་ལ་ང་ཚོའི་བོད་ཀྱི་་ཞིང་འབྲོག་ས་ཁུལ་གྱི་བུད་མེད་ཚོས་དོ་སྣང་བྱེད་དགོས་ས་གཅིག་ནི་གྱོ ན་ཆས་ལ་གཟབ་གཟབ་ཞེད་པོ་བྱེད་དགོས་ཀྱི་འདུག ཡིན་གཅིག་མིན་གཉིས། རྒྱུ་ཆ་ཡག་པོ་མེད་ན། ཐད་ཀར་གཟུགས་པོ་ལ་འབྱར་ཡོད་རེད། ནང་ཆས་དེ་དག་འགྱིག་འདྲ་བོ། རྒྱ་སྐད་ཀྱིས་བཤད་ན་ཉི་ཙེ་ཁུའུ་ཟེར་གི་རེད།འགྱིག་ཧ་ཅང་   དམ་པོ་དེ་འདྲ།  སྨན་པའི་སྟེང་ནས་བཤད་ན། ཟླ་མཚན་འདྲ་སླེབས་དུས། དེ་འདྲ་ གོན་ཉན་གི་མ་རེད་ཟེར། དེ་ཅི་ཡིན་ ཟེར་ན། རྩ་དེ་བསྡམ་འགྲོ། དེས་གཡས་གཡོན་གྱི་རྩ་བསྡམ་འགྲོ། སྐྱོན་ཞེད་པོ་ཞིག་བྱེད་རེད་ཟེར་གྱི་འདུག 
     ཨ་ཀྱ།  
     ད་ལྟར་དོར་མ་དེ་འདྲ་སྐྲག་མོ་གྱོ ན་རེད། དེས་ང་ཚོ་ཁྲག་དེ་བསྡོམས་ནས་། ཡག་པོ་
རྒྱུག་ཐུབ་མ་རེད།  སྤྱིའི་ཆ་ནས་ཡིན་ན། བུ་མོ་ཚོ་འདྲ་ཡིན་ན།   དོར་མ་སྡོམ་འདུག་པ་གྱོ ན་ན། གཙང་སྦྲ་ཡག་མོ་བཟོ་ཐུབ་གི་མ་རེད།
     ཉི་སྒྲོན། 
     ཤོག་བུ་བེད་སྤྱོད་བཏང་ཡ། ཤོག་བུ་འདྲ་མི་འདྲ་དེ་འདྲ་བེད་སྤྱོད་བཏང་བ་ཡིན་ན། 
ན་ཚ་ཕན་ཚུན་འགོས་འགྲོ་གི་འདུག ངས་བལྟས་ན་ལྟ་བ་ལ་ཡང་ཅུང་ཟད་འགྱུར་
ལྡོག་  གཏོང་དགོས་ཀྱི་འདུག ང་ཚོ་ཞིང་འབྲོག་ས་ཁུལ་གྱི་བུད་མེད་ཚོ་ག་རེ་རེད་
ཟེར་ན། བུད་མེད་ཀྱི་ནད་ཟེར་ན། ཡིན་གཅིག་མིན་གཉིས་སོ་སོའི་སྣང་བའི་ནང་སྡུག་སྐྱག་  ཞིག་ལ་བརྩི་གི་འདུག ང་ཚོ་སྡུག་པོ་ཞིག་ཡིན། ངོ་ཚ་དགོས་པའི་ན་ཚ་ཞིག་  ཡིན་པ་  རེད་བསམ།ངོ་མ་ཡིན་ན་ཆམ་པའི་ནད་དང་དེ་ཚོ་གཅིག་པ་གཅིག་རྐྱང་  རེད།  རྒྱུན་ལྡན་གྱི་ནད་ཅིག་རེད།
མདོ་འཛིན་པ།  
སྐྱེ་རྒ་ན་འཆི་དེ་ཚང་མར་ཡོད་རྒྱུ་ཞིག་རེད། 
ནད་ན་རྒྱུ་དེ་ངོ་ཚ་དགོས་རྒྱུ་ཞིག་མ་རེད་ཨ།
ཉི་སྒྲོན།  
ང་རང་ཚོའི་ལྟ་བ་དེ། དཔེ་ཆ་བཞག་ན། བུད་མེད་གཅིག་པུའི་ལྟ་བ་མིན་པས་མི་ཚད།  
ཆ་བཞག་ན་ང་རང་ཚོའི་ཞིང་འབྲོག་ས་ཁུལ་གྱི་སྐྱེས་པ་ཕོ་ཚོས་ཀྱང་བསམ་བློ་ཡག་པོ་ཞིག་གཏོང་རྒྱུ། བུད་མེད་ཀྱི་ནད་དེ་བུད་མེད་གཅིག་པོ་མ་རེད། སྐྱེས་པ་ཕོ་ལ་ཡང་  རག་ལས་ཡོད་རེད། ལྟ་བ་ལ་ཅུང་ཟད་འགྱུར་ལྡོག་བཏང་། ནད་ཅི་ན་ན་དེར་      དམིགས་ནས་བསྟེན་ན། ངས་བལྟས་ན་ཡག་པོ་ཡོང་རྒྱུ་རེད། 
མདོ་འཛིན་པ།  
དེ་རིང་སང་ཉིན་གྲོང་ཁྱེར་ཆེན་མོ་ན། ཤོག་བུ་ལ་སོགས་པ་མང་པོ་བཙོང་རྒྱུ་འདུག གལ་ཏེ་གྲོང་གསེབ་ཀྱི་བུ་མོ་ཚོ་ན་ཡོང་དུས། ཤོག་བུ་དེ་ཚོ་བཙོང་རྒྱུ་ཨེ་ཡོད་མི་ཤེས།  བཙོང་རྒྱུ་ཡོད་པའི་དབང་དུ་བཏང་ན་ཡང་སྤུས་ཀ་སྡུག་པོ་དེ་འདྲ། 
དུས་ཚོད་འགོར་ཚར་མཁན་དེ་འདྲ།དེ་ཡིན་དུས་བུད་མེད་ཅིག་ཡིན་ན། བུ་ལ་མེད་ རྒྱུའི་བུ་སྣོད་དང་། ཟླ་མཚན། ནུ་མ། ནུ་སྐྲན་ལ་སོགས་པ་མང་པོ་ཡོད་རེད། དེ་མང་པོ་ཡོད་ན། ནད་ཀྱང་དེ་འདྲ་མང་པོ་ཡོང་རེད། ཡིན་ན་ཡང་སྤྱིར་བཏང་། ཟླ་མཚན་ཟེར་ན་མི་ཤེས་མཁན་ཞིག་ཡོད་རྒྱུ་མ་རེད། བུད་མེད་གཅིག་ལ་ཟླ་བ་འཁོར་མོ་ཡུག་ཏུ་དེ་འདྲ་ཞིག་ཡོད་རེད་ཟེར། རྒན་ལགས། དེ་ཡིན་ན་དེའི་སྐབས་སུ་རང་རང་སོ་སོས་   གཟབ་གཟབ་བྱ་དགོས་རྒྱུ་ཅི་འདྲ་ཡོད་རེད། 
ཨ་ཀྱ།  
ཟླ་མཚན་ཟེར་རྒྱུ་དེ།  ཟླ་རེ་རེར་ཡོང་གི་ཡོད། བུ་མོ་ལོ་བཅུ་གཉིས་ཡན་ཆད།  
ལྔ་བཅུ་མན་ཆད་ལ་དེ་འདྲ་ཡོང་རྒྱུ་ཡོད་རེད། མི་སུ་ཡིན་ན། བུད་མེད་ཅིག་ཡིན་ན་ ཚང་མ་ལ་ཡོང་རེད། གཅིག་ནས་གཙང་སྦྲ་དང་། གཉིས་ཡིན་ན་ངས་ད་ལྟ་ཟེར་བའི་ཆུ་  འཁྱག་ནང་ལག་པ་མི་བཀྲུ་རྒྱུ་དེ་འདྲ་རེད། 
དབང་ཆེན། 
དེས་ན་རྒན་ལགས་དཔེར་ན། ཞིང་འབྲོག་མང་ཚོགས་ཀྱི་བུད་མེད་འདྲ་ཡིན་ན། 
རྒྱ་གྲོང་ཆེན་པོ་ན་འདུག་པའི་བུད་མེད་དང་འདྲ་མ་རེད། ལོ་གཅིག་རེ་ལ་ང་ལུས་   ཕུང་བརྟག་དཔྱད་ལ་ཅིག་འགྲོ་ཟེར་རྒྱུ་འདྲ།  ཟླ་བ་གཅིག་རེ་ལ་ང་མི་བདེ། བརྟག་ དཔྱད་ལ་འགྲོ་དགོས་ཟེར་བའི།  ཁོ་ཚོར་གོ་སྐབས་དེ་འདྲ་མང་པོ་ཡོད་མ་རེད། 
དཔེར་ན་རང་རང་གི་ཟླ་མཚན་ལ་བལྟས་ནས། ནད་ཡོད་མེད་དེ་སྟབས་བདེ་མོ་བྱས་ནས་ལྟ་ཚུལ་འདྲ་ཡོད་ཨེ་རེད། 
ཨ་ཀྱ།  
ཡོད་རེད།ཟླ་མཚན་གྱི་མདོག  ནད་མེད་མཁན་གྱི་མདོག་ཡིན་ན། 
རི་བོང་གི་ཁྲག་འདྲ་འདྲ་རེད། ནད་ཡོད་ན་ནག་ནག་འདྲ། ཡང་མིན་ན་ཁྲག་དེ་ལོག་ལོག་འདྲ་ཡོང་མཁན་དེ་ཚོ་གཅིག་རེད།གཉིས་ཡིན་ན་གྲང་ཀ དུས་རྒྱུན་བུ་མོ་ཡིན་ན་ཟླ་བ་རེ་རེར་དཀར་པོ་ཡོང་རྒྱུ་ཡོད་རེད་ལ། དེ་གྲང་ཀའི་ཐོག་ནས་ཡིན་ན། གྲང་ཀ་     གཅིག་ཡིན་ན་མདོག་ལ་བལྟ་ཆོག་རེད། དུས་རྒྱུན་ཡིན་ན་མདོག་དཀར་པོ་དང་དྲི་མ་ཡོད་མ་རེད། ནད་ཡོད་ན། དྲི་མ་ཡོད་པ་དང་། རྣག་དང་ཁྲག་འདྲ་འདྲ་ཡོད་ན། 
ཁྱོད་རང་བུད་མེད་བལྟ་སའི་སྨན་ཁང་ནང་འགྲོ་ན་ཡག་མོ་རེད།  དུས་རྒྱུན་དེ་ཚོ་  ཚང་མ་ནི། ཚོད་ལྟ་འདྲ་ཟེར་དགོས་རེད་དམ། རང་རང་གིས་ལྟ་ཆོག་རེད། 
ཉི་སྒྲོན། 
ངས་རྒན་ལགས་ལ་བཀའ་འདྲི་ཞིག་ཞུ་ཡ་ཡོད། མངར་ཆུ་མང་པོ་བཏུང་རྒྱུ་ཡོད་མ་ རེད། ལྷག་པར་དུ་ཞིང་འབྲོག་ས་ཁུལ་དུ། ཁུ་ནག་མང་པོ་བཏུང་གི་འདུག 
དེས་བུད་མེད་ལ་གནོད་ཆེན་པོ་བྱེད་ཀྱི་ཨེ་ཡོད། 
ཨ་ཀྱ། 
དེ་ཡིན་ན་བུད་མེད་ལ་གནོད་རེད། ལྷག་པར་དུ་ཁོ་ཚོར་ཟླ་མཚན་འབབ་སྐབས་སུ་དེ་འཐུང་ཉན་མ་རེད།  དེ་ཧ་ཅང་མང་པོ་འཐུང་ཚར་ན།  ང་ཚོས་ཟེར་ན་གཅིན་པ་  མངར་འགྱུར་གྱི་ནད།  
མདོ་འཛིན་པ།
རྒྱ་ཡིས་ཟེར་ན་ཐང་ཉོ་པིན།  糖尿病
ཨ་ཀྱ། 
གཅིན་པ་མངར་འགྱུར་གྱི་ནད་སོགས་ཚང་མ་སློང་རྐྱེན་དུ་འགྱུར་བཞིན་ཡོད།
མདོ་འཛིན་པ།  
ཁྱད་པར་དུ་དཔེར་ན། ང་ཚོ་དེ་རིང་བུད་མེད་སྐོར་ལ་བཤད་པ་རེད། ང་ལ་ངོ་ཚ་ལ་ འཛེམ་པའི་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད། གོ་ཐོས་རེད།  བུ་མོ་ཞིག་ཡོད་རེད་ཟེར། 
ཉིན་གུང་ཞིག་ལ་ཕྱི་ལ་སྤང་ཁར་ཟ་མ་མཉམ་པོར་ཟ་དུས། བུ་མོ་དེ་ལོ་ཆུང་ཞིག་ཡིན་ས་རེད། བུ་མོ་ལོ་ཆུང་དེས་ཕྱེན་ཞིག་ཤོར་སོང་ཟེར། ཕྱེན་ཤོར་བས་ཁོ་ཤིན་ཏུ་ཁྲེལ་  ཡོང་ནས།  རྒྱུགས་ཐེངས་གཅིག་གིས་རྒྱུགས་ནས། གད་ཁ་ནས་མར་མཆོངས། ཆུ་ཡི་ནང་མཆོངས་ནས་ཤི་སོང་རེད་ཟེར། ང་ཚོས་ངོ་ཚ་ཟེར་བར་དེ་འདྲ་འཛེམ་གྱི་འདུག 
ཡིན་ན་ཡང་ལ་ལ་བཤད་ན་ངོ་མ་ཆུ་ལ་མཆོངས་ནས་ཤི་དགོས་པ་ཞིག་ཡིན་རྒྱུ་ཨེ་རེད། 
དཔེར་ན་ད་ལྟ་ནད་དེ་ཚོ་ཡིན་ན། ནད་ན་ན་སྤོབས་པ་ཆེན་པོའི་སྒོ་ནས་སྨན་ཁང་དུ་བསྟེན་སར་འགྲོ་བ་ལས། ནད་ན་ན་ངོ་ཚ་རྒྱུ་ཞིག་ཅི་ཡོད་རེད།
ཉི་སྒྲོན། 
ཆུང་ཆུང་ལ་འཛེམ་བྱས་ཆེན་པོ་ཤོར། དེའི་ཐད་ལ།ང་རང་ཨ་མདོ་ས་ཁུལ་ལ་འགྲོ་གི་ཡོད། བུད་མེད་མང་པོ། གཅིག་རང་གི་ལས་ཀ་རེད། ལས་ཀ་བྱེད་དུས། ཁོ་ཚོས་སྤུས་མོ་བཙུགས་བྱས།དཀའ་ལས་ཞེད་པོ་ཁག་གི་འདུག  གནམ་གཤིས་ག་འདྲ་ཡིན་རུང་།  
རྩྭ་ཐང་ཁ་ལ། འོག་ལ་གདན་མ་བཏིང་བར་བསྡད་བྱས།   སྤང་རློན་པ་དེས་ཞེད་པོ་གནོད་ཀྱི་རེད། རློན་པ་དེས་གནོད་རེད། དེའི་ཐད་ལ་དོ་སྣང་དེ་ཙམ་བྱེད་དགོས་ཀྱི་འདུག 
ཨ་ཀྱ། 
གྲུམ་བུའི་ནད་འདྲ། བུད་མེད་ཀྱི་ནད་འདྲ་འདྲ། དེ་འདྲའི་ནད་མང་པོ་སློང་གི་རེད། 
ལོ་སར་སྔོན་དུ། ནད་པ་ཞིག་སླེབས་སོང་། གང་ན་གི་འདུག་ཟེར་ན། བྲང་ན་གི་     འདུག་ཟེར། བྲང་ཐོག་ན་གི་འདུག་ཟེར། ཁོ་ཚོས་ཟེར་ན། བརྟག་དཔྱད་བཟོ་སར་  སོང་ཟེར། སྨན་པ་ཚོས་བལྟས། བརྟག་དཔྱད་ཚང་མ་ བཟོས། གློག་པར་འདྲ་དེ་ཚོ་  ཚང་མ་བརྒྱབ། ནད་ཆེན་པོ་མི་འདུག  ནད་མེད་གི་ཟེར།
དེ་ནས་ངའི་སར་འཁྲིད་ཡོང་དུས། ཁོ་ཚོས་བརྟག་དཔྱད་བཟོས་ན་ནད་ཅི་མི་འདུག 
སྨན་པ་ཁྱེད་ཀྱིས་ཡག་མོ་ཞིག་ལྟ་རོགས་ཟེར། དེ་ངས་གང་ན་གི་འདུག་ཟེར་ན། 
བྲང་ན་གི་འདུག་ཟེར། དེ་ངས་ནུ་མར་ཅིག་རེག་པ་ན། ནུ་མ་དེ་སྲ་མོ་རྡོ་འདྲ་འདྲ་རེད་ཚར། དེ་ཡང་བརྟག་དཔྱད་བཏང་དུས་ནུ་སྐྲན་རེད། ནུ་སྐྲན་ཡིན་ ན་ཐོག་མ། བར་མ། མཐའ་མ་གསུམ་ཡོད་རེད། མོའི་དེ་མཐའ་མ་དེར་འགྲོ་ཚར་    འདུག  ཁོ་ཚོས་སྔོན་ནས་ནད་འཁྲིད་མཁན་ལ་ཟེར་ནས། ནུ་མ་ན་གི་འདུག་ཟེར་ན།  ངོ་ཚ་དགོས་པ་མ་རེད། དེ་མི་ཟེར་ནས། ཁོའི་བྲང་ན་གི་འདུག་ཟེར།བྲང་ན་གི་འདུག་ཟེར་ན་བྲང་  བལྟ་སར་འཁྲིད་འགྲོ། 
ཉི་སྒྲོན།  
དེའི་ཐོག་ལ། དཔེར་ན། ནད་དེ་ཡང་བ། འབྲིང་བ། ལྕི་བ་ཁག་གསུམ་ཕྱེས་ཡོད།               
གལ་སྲིད་སོ་སོ་རང་གིས་བལྟས། སྨན་ཁང་ལ་མ་སོང་བ་ཡིན་ན།སོ་སོས་བརྟག་དཔྱད་བཏང་ན། ན་མི་ན་ཧ་གོ་གི་རེད་པས། 
ཨ་ཀྱ།  
ནུ་སྐྲན་འདྲ་ཡིན་ན་ཅུང་ཙམ་ཧ་གོ་གི་རེད། ཅི་རེད་ཟེར་ན། ཁོ་རང་གི་ལག་པས་དུས་རྒྱུན་ནུ་མ་ལ་རེག་པའི་སྐབས་སུ། སྲ་མོ་འདྲ་ཨེ་ཡོད་མི་ཡོད་བལྟ་ཆོག་རེད། དུས་རྒྱུན་ཁོ་རང་གི་ནུ་མ་བཀྲུས་ནས་གཙང་མར་བཟོ་དགོས་རེད། བུ་ལ་ནུ་མ་བླུད་པའི་སྐབས་སུ་རླུང་ཁ་ཆེ་སར་འགྲོ་མི་ཉན་རྒྱུ་དེ་ཚོ་ཚང་མ། ང་ཚོ་དུས་རྒྱུན་ནད་མ་ཡོང་གོང་སྔོན་  འགོག་བྱེད་རྒྱུ་ཡོད་རེད།  
ཉི་སྒྲོན། 
དེའི་ཐད་ལ་ན་ཚ་མང་པོ་འདུག ནུ་སྐྲན་ལ་སོགས་ནི་བུད་མེད་ཀྱི་ན་ཚ་ཆེ་ཤོས་ཀྱི་  གྲས་རེད། 
མདོ་འཛིན་པ།  
ཕྲུ་གུ་འདྲ་སྐྱེ་ཡོང་ན། བུད་མེད་ཅིག་ཡིན་ན་ཡང་ཕྲུ་གུ་སྐྱེ་དགོས་རེད། ང་ཚོ་བུ་ཚོ་ཕོ་བ་ཆེ་ཡང་ཕྲུ་གུ་སྐྱེ་དགོས་མ་རེད། ཕྲུ་གུ་སྐྱེ་ཡོང་དུས་ན། རྒྱལ་ཁབ་གཞུང་གིས་གཏན་འཁེལ་བྱས་ན།  ཕྲུ་གུ་སྐྱེ་བའི་སྐབས་སུ་ཉི་མ་དགུ་བཅུ་འདྲ། ཟླ་བ་གསུམ་འདྲའི་ངལ་གསོ་ཡོད་རེད། ཡིན་ན་ཡང་ང་ཚོའི་ཕ་ཡུལ་གྱི་བུ་མོ་ཚོ་ཡིན་ན། ཕྲུ་གུ་མ་སྐྱེས་པའི་སྔོན་ལ་ད་དུང་ལས་ཀ་ལས་བཞིན་ཡོད་རེད།  ཕྲུ་གུ་སྐྱེས་ནས་ཉི་མ་གསུམ་ཙམ། བཞི་ཙམ་ལོན་ཚར་དུས་ཡང་ལས་ཀ་ལས་བཞིན་ཡོད། ད་རུང་ཁོ་ཚོས་བུ་མོ་དེ་འཇོན་པོ་རེད་ཟེར། ཅི་རེད་ཟེར་ན། ཕྲུ་གུ་སྐྱེས་ནས་དེའི་སང་ཉིན་ནས་ལས་ཀ་ལས་གི་ཡོད་རེད་  ཟེར། ང་རང་གི་བསམ་རྒྱུ་ཡིན་ན།  ཁོ་རང་ཚོ་ཡིས་ངལ་གསོ་ཞིག་བྱེད། ནད་ཡག་པོ་ཞིག་གསོ། ཁོ་དེ་རིང་ཕྲུ་གུ་སྐྱེས་ན། སང་ཉིན་ཡར་ལངས་ནས། རང་གི་ཁ་ཕོ་རུས་དང་མགོ་རྣ་བ་ཡང་ན།  བུ་མོ་འཇོན་པོ་ཞིག་རེད་ཟེར་ན་ཡང་། ངས་བལྟས་ན་གཅིག་  བྱས་ན་འཇོན་པོ་ཡིན་གྱི་མ་རེད།ངའི་ལྟ་ཚུལ་ཡིན། ཡང་ན་མོས་རང་གི་ལུས་ཕུང་ལ་ནད་འདྲ་ཞིག་བཞག་སོང་ན།དེའི་མི་ཚང་དེ་དང་བུ་རབས་ཚ་རྒྱུད་ལ་སྡུག་པོ་བཟོས་ཡོད་རེད།
ཉི་སྒྲོན།
དཔེ་ཆ་བཞག་ན། ང་ལ་ཕྲུ་གུ་སྐྱེ་བའི་སྐབས་སུ། སྐྱེས་ཚར་ནས་ཉི་མ་བཅོ་ལྔ་ཙམ་ནས། 
ཡང་གཞུང་གི་དོན་དག་ཅིག་བྱས།ཀྲུང་དབྱང་གི་འགོ་ཁྲིད་ཕེབས་ཀྱི་ཡོད་རེད་ཟེར་ ནས།ཡིན་གཅིག་མིན་གཅིག་ལེ་ཚན་མདོ་འཛིན་བྱེད་མི་ང་ལ་ཡོང་དགོས་ཟེར།འགྲོ་ དགོས་བྱུང་པ་རེད། ཉི་མ་བཅོ་ལྔའི་རྗེས་སུ། རླུང་ཕོག་པ་རེད། ང་འགྲོ་དུས་མགོ་ཡུ་ ཅུང་ཟད་འཁོར་བྱུང་།དེའི་ཁ་ལ་ཕྱི་ལ་ཐོན་དུས་རླུང་ཅུང་ཟད་ཕོག་ཚར།དེ་ནས་
བཟུང་ད་ལྟའི་བར་དུ། མགོ་ན་ཡ་དེ་ཞེད་པོ་ཞིག་སླེབས་འདུག 
ཨ་ཀྱ།
དེའི་སྐབས་སུ་གཟུགས་པོ་ཡག་པོ་གསོ་དགོས་རེད།གཅིག་འདྲ་འདྲ་ཡིན་ན།
རླུང་ཁ་ལ་མི་འགྲོ་རྒྱུ།གཉིས་འདྲ་ཡིན་ན། ཕྲུ་གུ་མར་སྐྱེ་བའི་སྐབས་སུ་ཁྲག་མང་པོ་  ཤོར་འགྲོ་གི་རེད།ཟ་མ་བཅུད་ཆེན་འདྲ་ཟོས་ནས། ཁོ་རང་གི་གཟུགས་པོ་ཡར་གསོ་   དགོས་རེད། མལ་གསོ་ཅུང་ཟད་བཟོ་དགོས་རེད།ཉི་མ་གཅིག་གཉིས་འཕྲོ་ནས་ལས་ཀ་ལས་ཉན་མ་རེད།
མདོ་འཛིན་པ།
སྤྱིར་བཏང་ཆ་རྐྱེན་ཞན་པོ་རེད། དེའི་ཐོག་རང་གི་ལུས་པོ་ལ་རྩ་ཆེན་པོ་བྱེད་ཀྱི་མི་  འདུག
ཨ་ཀྱ། 
བུད་མེད་ཡིན་ན། བུ་ཡིན་ན། རང་རང་གི་གཟུགས་པོ་རང་རང་གིས་གསོ་དགོས།
ཉི་སྒྲོན།
རྒན་ལགས་དང་རྒན་བྱམས་པ་ལགས་ཁྱེད་ཚོ་ལ།ཕལ་ཆེར་རྒྱུས་ལོན་ཡོད་ཀྱི་རེད།
ལྷག་པར་དུ་ང་རང་ཚོའི་བོད་ཁུལ་དུ། ཕོ་སར་དེ་ཚོས་སྦག་སྦག་ཞོན་དགའ་པོ་འདུགསྦག་སྦག་གི་རྒྱབ་ལ། སྟབས་བདེའི་ཐུག་པ་དེ་འདྲ་སྒམ་མང་པོ་ཉོ། དེའི་ཁ་ལ་ཁུ་ནག་སོགས་མང་པོ་ཉོ།དེ་ནས་བུ་ཕྲུག་དང་ནང་མི་ཚོས་ཐུག་པ་དེ་འཐུང་།བྲོ་བ་ཞིམ་པོ་   འདུག་ཟེར་ནས།རང་གི་རྩམ་པ་དང་མར་དང་། ཤ་དང་ཆུར་བ། འོ་མ་དང་དེ་ཚོ་ཕར་གཡུགས། དེ་ཟས་ན་དང་དོད་ཚ་བོ་མི་འདུག་ཟེར་ནས། མཐོང་ཆུང་བྱེད།
དངོས་གནས་བཤད་ན་ང་རང་ཚོའི་དེ་ཚོ་བདེ་ཐང་གི་ཟས་རིགས་དང་བཏུང་བྱ་རེད།ལྷག་པར་དུ་དཔེ་བཞག་ན། ང་རང་ཚོའི་འོ་ཇ་དང་། དེ་ཚོ་ཧ་ཅང་ཡག་པོ་འདུག
ཨ་མ་ཟེར་བ་གལ་ཆེན་པོ་རེད་འདུགཕྱིས་སུ་རང་གི་བདེ་ཐང་དང་ནང་གི་འཚོ་བ་  ཚང་མའི་ཐད་ལ།བདེ་སྐྱིད་ལ་བསམ་བློ་གཏོང་དགོས་ཀྱི་འདུག དེའི་ཐད་ལ།
ཕྲུ་གུའི་སློབ་གསོ་ལ་ཨ་མའི་སློབ་གསོ་དེ་ཧ་ཅང་གལ་ཆེན་པོ་རེད།     ནང་གི་ཨ་མ་ལགས་ཡིན་ན།དེའི་ཐད་ཀྱི་རིག་གནས་འདྲ་འོ་ཙམ་ཤེས་པ་ཡིན་ན།རང་གི་ཕྲུ་གུ་བུ་བུ་མོ་གང་ཡིན་ན་འདྲ།དེ་ཚོར་སློབ་གསོ་རྒྱབ་ན།ག་ལེར་ག་ལེར་ཁོ་ཚོའི་མི་རབས་དེར་སླེབས་སྐབས། དེ་འདྲ་ངོ་ཚ་འདྲ་མེད་པ་བྱས།དེའི་ཐད་ཡར་རྒྱས་འགྲོ་གི་རེད།དེའི་ཐད་མུ་མཐུད་ཤུགས་རྒྱབ། དྲིལ་བསྒྲགས་བྱེད་དགོས་ཀྱི་འདུག 





1



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1