ཨུ་རུ་སུའི་བཟའ་མི་གཉིས་ཀྱིས་མཐོ་ཚད་ལ་སྨི་2.13དང་ལྗིད་ཚད་ལ་རྒྱ་མ་272ཡོད་པའི་དོམ་ཞིག་དང་མཉམ་ཟ་མཉམ་འདུག་བྱས་ཏེ་ལོ་ངོ་23གྱི་འཚོ་བ་བསྐྱལ། མི་མང་ཆེ་བའི་ངོས་ནས་བཤད་ན་དོམ་དང་ལྷན་དུ་ཟ་མ་ཟ་བ་ནི་ཇི་འདྲའི་འཇིགས་སུ་རུང་བའི་ལས་ཤིག་སྟེ། སྟབས་མ་ལེགས་ན་དེའི་ཁ་ཟས་སུ་འགྱུར་བའི་ཉེན་ཁ་ཡོད་ནའང་། འོན་ཀྱང་ཨུ་རུ་སུའི་ཁྱིམ་ཚང་འདི་ལ་མཚོན་ན་དེ་ནི་ཧ་ཅང་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན།
ལོ་ངོ་23གྱི་ཡར་སྔོན་དུ། ཨུ་རུ་སུའི་བཟའ་མི་གཉིས་ཀྱིས་མངལ་ལས་སྐྱེས་ཏེ་ཟླ་བ་3ལས་མ་ལོན་པའི་དོམ་ཕྲུག་ཅིག་གསོས་ཤིང་དེའི་མིང་ལ་Stepanཞེས་བཏགས། དེ་ནས་བཟུང་ལོ་ངོ་མང་པོའི་རིང་ལ་བཟའ་མི་དེ་གཉིས་ཀྱིས་དཀའ་ཚེགས་ལ་མ་འཛེམ་པར་བྱམས་བརྩེའི་ངང་དོམ་ཕྲུག་ལ་སྦྱོང་བརྡར་ཡང་ཡང་བྱས་པར་བརྟེན། ད་ལྟ་ཁྱིམ་ཚང་གི་འཚོ་བ་ལ་ཧ་ཅང་གོམས་འདྲིས་སུ་གྱུར་ཡོད་དེ་ཐ་ན་མེ་ཏོག་ལྡུམ་རའི་ནང་དུ་ཆུ་གཏོང་བ་སོགས་ཁྱིམ་ལས་ཙག་ཙིག་ཀྱང་བྱེད་ཐུབ།།