སྤྱི་ཟླ་6པའི་ཚེས་18ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་ནས་ཕོ་ལན་ལོ་ཙུ་ཞིང་ཆེན་གྱི་ཞིང་དཔོན་སི་ཐན་ཕི་ཨུན་ལ་མཇལ་འཕྲད་གནང་།
ཝང་ཏུང་མིང་གིས་སི་ཐན་ཕི་ཨུན་སླར་ཡང་སི་ཁྲོན་ལ་རྟོག་ཞིབ་དང་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས། ཁོང་གིས་བཤད་རྒྱུར། ཉེ་སྔོན་ཞིང་དཔོན་དང་མཉམ་དུ་《སི་ཁྲོན་ཞིང་ཆེན་དང་ལོ་ཙུ་ཞིང་ཆེན་བར་མཛའ་བཤེས་ཞིང་ཆེན་བར་གྱི་འབྲེལ་བ་འཛུགས་པའི་གྲོས་གཞིར》མིང་རྟགས་བཀོད་དེ། ཕྱོགས་གཉིས་པོའི་མཉམ་ལས་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་འགོད་པར་སྐུལ་འདེད་དང་བདེན་དཔང་བྱས་ཡོད། མིག་སྔར། མཉམ་ལས་ལས་དོན་མང་པོ་ཞིག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ།།