དཀར་མཛེས་ཁུལ་གྱིས་ཁྱོན་ཡོངས་ནས་བྱང་ལམ་ས་སྟོང་ཁུལ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་དྲུག་ལག་བསྟར་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། དཀར་མཛེས་གསར་འགྱུར། སྤེལ་དུས། 06-21


         ཉེ་ཆར། དཀར་མཛེས་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲང་མིན་སྔ་རྗེས་སུ་གསེར་རྟ་དང་བྲག་འགོ  དཀར་མཛེས་བཅས་རྫོང་གསུམ་དུ་ཕེབས་ནས་ཐབས་ཇུས་དྲུག་ལ་སྐུལ་འདེད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་སྟོན་གནང་བར་མ་ཟད་དཀར་མཛེས་རྫོང་དུ་བྱང་ལམ་ས་སྟོང་ཁུལ་འཛུགས་སྐྲུན་བྱེད་བའི་ཐབས་ཇུས་དྲུག་གི་སྐུལ་འདེད་བཞུགས་མོལ་གྲོས་ཚོགས་བསྡུས།

         ལིའུ་ཁྲང་མིན་སྔ་རྗེས་སུ་གསེར་རྟ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་བྲག་འགོ་རྫོང་གི་བརླན་སའི་སྤྱི་གླིང་། དཀར་མཛེས་གྲོང་རྡལ་གྱི་ཆུ་རག་སྡེ་བ་སོགས་ཞིབ་བཤེར་ས་གནས་11ལ་སོང་སྟེ་ས་ཆ་སོ་སོའི་དབུལ་སྐྱོར་མཁྲེགས་གཏོར་དང་། ཁྲིམས་ལྟར་ཁུལ་སྐྱོང་པ།  ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོར་བསྒྱུར་བ། འགྲིམ་འགྲུལ་སྔོན་ཐོན་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་ཇེ་རྒྱས་སུ་གཏང་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། 

         བཞུགས་མོལ་ཚོགས་འདུའི་ཐོག་དཀར་མཛེས་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲིན་མིན་གྱིས་བྱང་ལམ་ས་སྟོང་ཁུལ་གྱི་སའི་རྒྱ་ཁྱོན་ཆེས་ཆེ་བ་དང་འཕེལ་རྒྱས། དམངས་འཚོ། གཏན་འཇགས་བཅས་ཀྱི་གནོན་ཤུགས་ཆེས་ཆེ་བ། འཕེལ་རྒྱས་ཀྱི་ལམ་ཁའང་ཆེས་ཡངས་པས། བྱང་ལམ་ས་སྟོང་ཁུལ་འཛུགས་སྐྲུན་བྱེད་བའི་ཐབས་ཇུས་དྲུག་གི་ལས་ཀ་ལག་བསྟར་བྱས་ན་དཀར་མཛེས་ཁུལ་གྱི་ལས་ཀ་སོ་སོར་ཕན་ནུས་ཆེན་པོ་ཐོན་པ་རེད། རྫོང་སོ་སོས་ལོ་འགོར་ལ་གཏན་འཁེལ་བྱས་པའི་ལས་ཀའི་དམིགས་འབེན་ལ་གཞིར་བཟུང་སྟེ་ཡུལ་བབ་དང་བསྟུན་ནས་བྱ་བ་ལག་བསྟར་བྱེད་པ་དང་ཐབས་ཇུས་དྲུག་གི་ལས་ཆོད་མངོན་དགོས་པར་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1