གསར་འགོད་པས་ཉེ་ཆར་ཞིང་ཆེན་ཚོང་དོན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་ཉེ་ཆར་མཉམ་འབྲེལ་སྒོས་《2016ལོའི་ལོ་འཁོར་གྱི་ནོར་སྲིད་ཀྱིས་རྐང་འཛིན་གློག་རྡུལ་ཚོང་དོན་སྟེགས་བུའི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་རྣམ་གྲངས་ཡིག་ཐོག་ནས་སྙན་ཞུ་འབུལ་བའི་ལས་ཀའི་སྐོར་གྱི་བརྡ་ཐོ།》ཁྱབ་བསྒྲགས་བྱས་ནས། དངོས་སུ་སྙན་ཞུ་དང་ལེན་བྱེད་འགོ་ཚུགས། ནང་དུ་ཚུད་པའི་ཁེ་ལས་ལ་ནོར་སྲིད་ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྒྱུ་རེད།།