གཟུགས་མེད་ཤུལ་བཞག་རིག་གནས་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་བ།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-23
གཟི་ཚ་སྡེ་དགུ་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་སློབ་གྲྭར་བསྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ་པ་དང་བསྟུན། སྤྱི་ཟླ་6པའི་ཚེས་21ཉིན། གཟི་ཚ་སྡེ་དགུ་རྫོང་གི་སློབ་ཆུང་ཁག་གིས་སློབ་གྲྭའི་ནང་ལྟད་མོར་གཟིགས་པ་དང་བསྟུན་རིམ་པ་ཁག་གི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པས་ཀྱང་ཡུལ་དངོས་སུ་འགྲེལ་བཤད་གནང་པ་མ་ཟད། དེར་ཡོད་པའི་སློབ་མ་རྣམས་དང་མཉམ་འགུལ་བྱས་ནས་ཚང་མའི་སྤྲོ་སེམས་འཕེལ་བར་བྱས།
རྒྱུན་ལོན་བྱས་པ་ལྟར་ན། གཟུགས་མེད་ཤུལ་བཞག་རིག་གནས་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་པ་ནི་གཟི་ཚ་སྡེ་དགུ་རྫོང་གིས་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་བསྡུས་གཟུགས་ཤིག་ཡིན། མིག་སྔར། གཟི་ཚ་སྡེ་དགུ་རྫོང་ལ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྗེས་ཤུལ་ཁག་4དང་། ཞིང་ཆེན་རིམ་པའི་ཁག་4 ཁུལ་རིམ་པའི་ཁག་28 རྫོང་རིམ་པ་ཁག་43ཡོད་པ་དང་། རྒྱལ་ཁབ་རིམ་པའི་གཟིགས་མེད་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་མི་4དང་། ཁུལ་རིམ་པའི་མི་7 རྫོང་རིམ་པའི་མི་88བཅས་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1