རང་རེའི་ཞིང་ཆེན་གྱིས་རང་བྱུང་རྩྭ་ཐང་གི་ཕྱུགས་དོར་རྩྭ་འདེབས་ལས་གཞི་སྤྱི་ཆིང་ཁྲི་860ལེགས་འགྲུབ་བྱུང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-23


     ཉེ་ཆར། གསར་འགོད་པས་ཞིང་ཆེན་ཞིང་ལས་ཐིང་གིས་ཡོངས་བསྒྲགས་བྱས་པའི་《2015ལོའི་སི་ཁྲོན་ཞིང་ཆེན་གྱི་རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ།》ལས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ལོ་མཇུག་ཏུ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་2011ལོ་ལས་ཆ་སྙོམས་བརྒྱ་ཆའི་3.8ཀྱིས་ཇེ་མཐོར་ཕྱིན་ཡོད། འབྲོག་ཁུལ་གྱི་ཕྱུགས་རིགས་མང་དུ་འགྲོ་ཚད་བརྒྱ་ཆའི་35.78ཀྱིས་ཇེ་དམའ་རུ་གྱུར། རིམ་བཞིན་རྩྭ་ཕྱུགས་དོ་སྙོམས་དང་ཐག་ཇེ་ཉེ་རེད། རང་བྱུང་རྩྭ་རའི་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་ཇེ་མགྱོགས་སུ་སོང་ཡོད། 
     སྙན་ཞུའི་ནང་དུས་གཅིག་ཏུ་མངོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་རྩྭ་ཐང་ཞན་འགྱུར་དང་སྐྱེ་དངོས་ཀྱི་གནོད་སྐྱོན་སྔར་བཞིན་ཚབས་ཆེན་ཡིན། 2015ལོར། ཞིང་ཆེན་ཡོངས་ཀྱི་་ཞན་འགྱུར་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1040ཟིན། བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་གྱི་58.7%ཟིན།  དེ་ནི་ལོ་གོང་མ་ལས་བརྒྱ་ཆའི་0.3གྱིས་ཇེ་དམའ་རུ་ཕྱིན།
     སི་ཁྲོན་ནུབ་བྱང་གི་རྩྭ་ཐང་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་ནང་དུ་ཚུད་ལ། དེར་རང་བྱུང་རྩྭ་ཐང་སྤྱི་ཆིང་ཁྲི་1600ཡོད། དེའི་ནང་བེད་སྤྱོད་ཆོག་པའི་རྩྭ་ཐང་སྤྱི་ཆིང་ཁྲི་1413.3ཟིན།  དེ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཡོལ་སྲུང་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཁྲོད་དུ་གལ་ཆེའི་འཐབ་ཇུས་གོ་གནས་བཟུང་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1