རྒྱང་སྐྱོད་ཨང་རྟགས་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཞོར་སྐྱེལ་སྤྱོད་མང་འཕུར་གྲུ་བདེ་བླག་ངང་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་འབྱོར།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-27


     སྤྱི་ཟླ་6པའི་ཚེས་26ཉིན་གྱི་དུས་ཚོད་23སྟེང་། རྒྱང་སྐྱོད་ཨང་རྟགས་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཞོར་སྐྱེལ་སྤྱོད་མང་འཕུར་གྲུ་ཕྱིར་ལོག་པའི་ཞིབ་བཤེར་ཕྱིར་སྡུད་བྱས་ཏེ། བདེ་འཇགས་ངང་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འབྱོར།  སྤྱོད་མང་འཕུར་གྲུའི་ཕྱིར་ལྡོག་ཁང་གི་མཐོ་ཚད་ལ་སྨི་2.3དང་ཆེས་ཆེ་བའི་ཕྱིའི་ཚངས་ཐིག་ལ་སྨི་2.6ལྕི་ཚད་ལ་སྟོང་ཁེ་2600ཡོད་པ་རེད། ཀྲུང་གོའི་འགྲུལ་སྐྱེལ་མཁའ་སྤྱོད་ལས་གཞིའི་འབྲེལ་ཡོད་འགན་ཁུར་བའི་བཤད་པ་ལྟར་ན། སྤྱོད་མང་འཕུར་གྲུ་བདེ་བླག་ངང་ཕྱིར་འབྱོར་ཐུབ་པ་ལས་མ་འོངས་པའི་རྣམ་པ་གསར་པའི་འགྲུལ་སྐྱེལ་འཕུར་གྲུའི་སྒྲིག་བཟོ་དང་གནད་འགག་ལག་རྩལ་གྱི་ཐད་ལ་རྨང་གཞི་བརྟན་པོ་བཏིངས་པ་དང་། འདི་ལས་རང་རྒྱལ་ཀྱི་རྒྱང་སྐྱོད་ཨང་རྟགས་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཐོག་མའི་འཕུར་གཏོང་དང་དམིགས་ཡུལ་གཏན་ཁེལ་བྱེད་པ་མངོན་འགྱུར་བྱུང་མཚོན།།

 

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1