ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ས་འགུལ་ཆ་འཕྲིན་དྲ་བར་བསྒྲགས་པའི་གནས་ཚུལ་ལྟར་ན། ཁེར་གྷི་སི་ཐན་གྱི་ལྷོ་རྒྱུད་དུ་ཚད་རིམ་6.3ཅན་གྱི་ས་འགུལ་བྱུང་། ཐེངས་འདིའི་ས་འགུལ་ནི་པེ་ཅིན་གྱི་དུས་ཚོད་19དང་སྐར་མ་17སྟེང་། འགུལ་ལྟེ་ཁེར་གྷི་སི་ཐན་དང་ཐ་ཇིག་སི་ཐན་གཉིས་དང་ཀྲུང་གོའི་བར་མཚམས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་དང་བར་ཐག་ཧ་ལམ་སྤྱི་ལེ་390ཡོད་ལ། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་18ཡོད་པ་རེད། མིག་སྔར། མི་ལ་རྨས་སྐྱོན་དང་རྒྱུ་ནོར་ལ་གནོད་སྐྱོན་བའི་གནས་ཚུལ་ཅི་ཡང་མི་འདུག