དཀར་མཛེས་ཁུལ་གྱིས་བྱེད་ཐབས་ལྔ་ལ་བརྟེན་ནས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གཏིང་ཟབ་དུ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-29


     གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་།ཏང་ཡོན་གྱི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་པ།འདུ་ཤེས་ཆེན་མོ་བཞི་ལ་ཤུགས་སྣོན་བྱས་ཏེ།འགན་འཁྲི་ཁུར་ཕོད་པའི་ཚད་ལྡན་གྱི་ཏང་ཡོན་ཞིག་དང་ཕུལ་བྱུང་གི་ཏང་ཡོན་ཞིག་བྱེད་པར་བརྩོན་ལེན་བྱ་ཆེད། དཀར་མཛེས་ཁུལ་གྱིས་བྱེད་ཐབས་ཆེན་མོ་ལྔ་གཏིང་ཟབ་དུ་བཏང་ནས།ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་ཁ་ཕྱོགས་གཡོ་བ་མེད་པ་དང་སྤྱོད་ཡོན་གཉིས་ལྡན་ཞིག་ཡོང་བར་ཁག་ཐེག་བྱས་ཏེ།མཛེས་སྡུག་ཡུད་དུ་འོང་ཤིང་འཆམ་མཐུན་ལྡན་པའི་དཀར་མཛེས་ཤིག་འཛུགས་སྐྲུན་བྱེད་པར་ནུས་པ་བཏོན།དེ་མིན་དྲ་ཐོག་དང་འཚོ་བ་དངོས་ཀྱི་ཁྲོད་སློབ་སྦྱོང་བྱས་ཏེ་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་གོམས་གཤིས་ཤིག་དུ་ཆགས་སུ་བཅུག མིག་སྔའི་བར་དུ། ཁུལ་ཡོངས་སུ་ཆེད་རམས་པའི་ཟུར་ཁྲིད་ཐེངས་236བྱས་པ་དང་། སྒོ་ཁར་བྱིན་ནས་སྒྲོག་འགྲེལ་ཐེངས་1278བྱས་པ། བོད་རྒྱ་སྐད་ཡིག་སློབ་སྦྱོང་ལག་དེབ་ཁྲི་13ལྷག་དང་། གཅིག་ཐོག་བརྒྱད་སྣོན་གྱི་བྱེད་ཐབས་སྤྱད་ནས་ཡིག་ཆ་ཁྲི་0.6བཀྲམ་པ། ཁ་པར་ལས་འཕྲིན་ཐུང་116བཏང་བ་དང་། བརྙན་འཕྲིན་ལས་ཐེངས་56ལ་ཁྱབ་བསྒྲགས་བྱས་ཤིང་། གཅིག་བསྡུས་སྒོས་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་ཐེངས་6532བྱེད་པར་ཏང་ཡོན་མིའི་ཐེངས་གྲངས་ཁྲི་20ལྷག་ཞུགས་ཏེ།ཡང་དག་པའི་སློབ་གསོའི་ལམ་བུའི་ཐོག་བསྐྱོད་ནས་ངན་པ་རུལ་སོང་གི་བྱ་སྤྱོད་དག་དང་རིང་དུ་གྱེས་ཏེ།གཏོར་བརྒལ་རང་བཞིན་གྱིས་རང་ཉིད་འཕེལ་རྒྱས་ གཏོང་བ་དེ་གོམས་གཤིས་ཤིག་དུ་གྱུར་དུ་བཅུག་ཡོད།མིག་སྔའི་བར་དུ།ཁུལ་ཡོངས་ཀྱིས་སྔོན་ཐོན་དཔེ་བཟང་གི་སློབ་གསོ་དང་ལྡོག་ཕྱོགས་ཀྱི་ཉེན་བརྡའི་སློབ་གསོ་ཐེངས་1045བྱས་ཤིང་། སློབ་གསོ་དང་ལེན་བྱེད་མཁན་གྱི་མི་16107ཟིན་པར་མ་ཟད།དགུ་ཐོག་མང་སྣོན་གྱི་ཏང་གི་སློབ་ཁྲིད་ཀྱི་སྒྲོག་འགྲེལ་དང་ཏང་གཤིས་སྔར་ལས་བརྟན་པོ་ཡོང་བར་བྱས།
     མིག་སྔའི་བར་དུ།ཁུལ་དང་རྫོང་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གིས་ཁུངས་མིའི་སྣེ་ཁྲིད་ཀྱི་འོག་དུ་ཏང་གི་སློབ་ཁྲིད་ཐེངས་346བྱས་པ་དང་། གཞི་རིམ་དུ་ཕྱིན་ནས་ཐེངས་578ལ་མཛུབ་སྟོན་དང་རྟག་དཔྱད་ཞིབ་འཇུག་གནང་ཡོད་པ་རེད།ཆེད་རམས་་པ་དང་ཏང་གི་སློབ་གྲྭའི་དགེ་རྒན།འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མི་དང་སྔོན་ཐོན་དཔེ་ལེགས་པ་བཅས་རྩ་འཛུགས་བྱས་ནས་ཐེངས་278ལ་གཞི་རིམ་དུ་ཕྱིན།དེ་མིན་དབུལ་སྐྱོར་འགག་སྒྲོལ་བྱེད་པའི་བྱ་བ་དང་འབྲེལ་འདྲེས་བྱས་ཏེ། གཞི་རིམ་གྱི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐེངས་2715ལ་ཏང་གི་ཤེས་བྱའི་སློབ་ཁྲིད་གནང་ཞིང་།དམིགས་ཚད་བརྩོན་ལེན་བྱེད་པའི་བྱེ་བྲག་ཁྱད་པར་ལ་བརྩོན་ལེན་བྱས་ཏེ་དར་ཆ་གསལ་པོར་བསྒྲེང་དགོས།
    མིག་སྔའི་བར་དུ། ཁུལ་ཡོངས་ནས་གུང་ཁྲན་ཏང་ཡོན་གྱི་དཔེ་སྟོན་མི་སྣ་13་དང་། དཔེ་སྟོན་ཚོགས་པ་1058། དཔེ་སྟོན་ལས་གནས7060བདམས། ལྟ་སྐུལ་མཛུབ་སྟོན་དང་བརྒྱུད་བསྒྲགས་བྱེད་ཤུགས་སྔར་ལས་ནུས་ལྡན་ཡིན་པ་དང་། མིག་སྔའི་བར། ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྡེ་ཁག་37དང་། ལས་ཁུངས་གི་ཞབས་ཞུའི་སྡེ་ཚན་63 སློབ་གྲྭ་36སྨན་བཅོས་ལས་ཁུངས31། ཡུལ་གྲོང་53དང་། ཁེ་ལས་19ནས་གནད་དོན་285་ཤེས་རྟོགས་ཐུབ་ཡོད་པར་མ་ཟད། དེ་ལ་རིགས་བགོས་ནས་ལེགས་བཅོས་དག་ཐག་གཅོད་བྱས་ཡོད།།  
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1