སྤྱི་ཟླ་7པའི་ཚེས་8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་མི་རིགས་ལུས་རྩལ་ཐང་ཆེན་དུ་དགའ་སྤྲོས་ཁེངས་ཤིང་། གཟབ་འཆོར་གྱིས་བརྒྱན་པའི་ཞིང་འབྲོག་མང་ཚོགས་ཁྲི་ལ་ཉེ་བ་དང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ཀྱིས་མཉམ་དུ་མང་རྫོང་རྫོང་གི་སྐབས་གཉིས་པའི་བོད་ལུགས་འཚེམ་དྲུབ་དང་བོད་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ།
སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ཉིན་5ཡི་རིང་སྤེལ་རྒྱུ་ཡིན་པ་དང་། དུས་ཆེན་སྤེལ་རིང་ལ་སྔ་གཞུག་ཏུ་མང་རྫོང་རྫོང་ཡོངས་སུ་སྲོལ་རྒྱུན་རྟ་རྒྱུག་འགྲན་སྡུར་དང་མི་རིགས་མདའ་རྩེད་འགྲན་སྡུར། བོད་ལུགས་འཚེམ་དྲུབ་ཀྱི་རིག་གནས་ཐོན་རྫས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། །