ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟ་ལས་ཀའི་འགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-13


     ཉེ་ཆར། ཞིང་ཆེན་ཡོངས་ཀྱིས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་ལས་ཀའི་འགོ་ཁྲིད་ཚན་ཆུང་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་གཉིས་པ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་དབྱི་ལི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ་ལོའུ་ཀའོ་གྲུང་གྲོས་ཚོགས་ཐོག་བཞུགས།

     ཚོགས་འདུའི་ཐོག་དུ་རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་ཞུ་ལ་གསན་པ་དང་། སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་བྱ་བའི་ལག་བསྟར་ཇུས་གཞི་དང་། སི་ཁྲོན་ཞིང་ཆེན་གྱིས་དམངས་དམག་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི་གཉིས་ལ་གྲོས་ཞིབ་བྱས་པར་མ་ཟད། དེ་མིན་ཁྲེན་ཏུའུ་གྲོང་ཁྱེར་དང་ཏའེ་དབྱང་གྲོང་ཁྱེར། མེན་དབྱང་གྲོང་ཁྱེར། ཐེན་ཧྥུ་ཁུལ་གསར་པ། ཕན་ཤིས་འཐབ་ཇུས་ཐོན་ཁུངས་གསར་གཏོད་གསར་སྤེལ་བྱེད་པའི་ཚོད་ལྟའི་ཁུལ་བཅས་ཀྱི་སོ་སོ་བྱས་ནས་ཡར་སྤྲད་པའི་མ་ལག་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་འཆར་འགོད་ལ་སྐུལ་འདེད་གཏང་བར་གྲོས་ཞིབ་བྱས་པ་དང་། སི་ཁྲོན་ཞིང་ཆེན་གྱིས་མ་ལག་གིས་ཁྱོན་ཡོངས་སྤྱི་ལོ་2016ལོའི་ལས་ཀའི་འཆར་འགོད་ལ་བཅོས་བསྒྱུར་གསར་སྐྲུན་དང་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་དང་། སི་ཁྲོན་ཞིང་ཆེན་གྱིས་དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་གཏོང་བའི་2016ལོའི་ལས་ཀའི་འཆར་འགོད་ལ་སྐུལ་འདེད་གཏོང་བར་གྲོས་ཞིབ་བྱས་པར་མ་ཟད། གྲོས་བསྡུར་བསམ་འཆར་དང་ཟུང་འབྲེལ་བྱས་ཐོག་བཟོ་བཅོས་འཐུས་ཚང་དུ་གཏང་བ་དང་། གོ་རིམ་ལྟར་གྲོས་ཞིབ་བྱས་རྗེས་མགྱོགས་མྱུར་དུ་པར་སྐྲུན་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1