སྤྱི་ཟླ་7པའི་ཚེས་12ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨི་རག་གི་མངའ་ཁོངས་སུ་མུ་མཐའ་བྲལ་བའི་དུར་ཁྲོད་ཅིག་ཡོད་པ་དང་། དུར་ཁྲོད་འདི་ལ་ལོ་ངོ་1400ཡི་ལོ་རྒྱུས་ལྡན་པའི་གནའ་བོའི་ཧོ་ཕིང་ཀུའུ་ཞེས་པའི་དུར་ཁྲོད་དེ་རེད། དུར་ཁྲོད་དུ་ཧྲི་ཡེ་གྲུབ་མཐའི་མུའུ་སི་ལིན་གྱི་བེམ་པོ་ཁྲི་500ཡོད་པ་དང་། འཛམ་གླིང་གི་ཆེས་ཆེ་བའི་དུར་ས་ཞིག་ཏུ་ངོས་འཛིན་བྱེད། ཉེ་ལམ། མི་མེད་གནམ་གྲུ་ཞིག་གིས་མཁའ་དབྱིངས་ནས་དུར་ཁྲོད་འདི་པར་བླངས་པ་རེད།།