རྔ་བ་ཁུལ་གྱིས་སློབ་གསོ་རིན་མེད་དང་ཁ་གསབ་སྲིད་ཇུས་ལག་ཏུ་བསྟར་ནས་སློབ་མ་ཁྲི73ལ་ཁེ་ཕན་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


      ཉེ་ཆར། གསར་འགོད་པས་ཁུལ་སློབ་གསོ་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། རྔ་བ་ཁུལ་ཀྱི་སློབ་གསོའི་ལས་ཀ་གོང་དུ་འཕེལ་བར་སྐུལ་འདེད་གཏང་ཆེད། རྔ་བ་ཁུལ་གྱིས་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ཕྱོགས་ལྔའི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་ཀའི་སྟེགས་བུ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་། 
      རྒྱུས་ལོན་བྱས་པ་ལྟར་ན། 2013ལོ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་རིམ་པ་བཞིས་མ་དངུལ་སྒོར་དུང་ཕྱུར12.8བཏང་སྟེ་སློབ་ཡོན་རྩ་ཆག་དང་ཁ་གསབ་སོགས་ཀྱི་གྲོན་དངུལ་ལ་སྤྱད་ནས་སློབ་ལོ་མ་རན་པའི་སློབ་གསོའི་རིན་མེད་གཅིག་དང་ཁ་གསབ་གཅིག  འོས་འགན་སློབ་གསོའི་རིན་མེད་གསུམ་དང་ཁ་གསབ་གཅིག མཐོ་རིམ་སློབ་འབྲིང་སློབ་གསོའི་རིན་མེད་གཅིག་དང་རོགས་དངུལ་གཅིག་སོགས་ཀྱི་དམངས་འཚོའི་ལས་གཞི་ལག་ཏུ་བསྟར་བ་དང་། འོས་འགན་སློབ་གསོའི་འཚོ་བཅུད་ལེགས་སྒྱུར་འཆར་གཞི་དང་སློབ་རོགས་དངུལ་བུན་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་པས། སློབ་མ་ཁྲི73ལ་ཁེ་ཕན་བསྐྲུན།  དུས་མཚུངས་སུ། ཝུན་ཁྲོན་སློབ་འབྲིང་དང་འབར་ཁམས་སློབ་འབྲིང་གིས་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཧྲུའུ་ཏེ་སློབ་འབྲིང་དང་ཧྲི་སི་སློབ་འབྲིང་གི་བརྗེ་རེས་ལ་ཤུགས་སྣོན་བྱེད་པར་མཛུབ་སྟོན་བྱས་པ་དང་། གཏིང་ཟབ་པའི་སྒོ་ནས་མེན་དབྱང་དང་ནེ་ཅང་། ཙི་དབྱང་། ཧྲུའེ་ཉིང་བཅས་ཀྱི་གྲོང་ཁྱེར་བཞིས་རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)བཅུ་གསུམ་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་ཀར་སྐུལ་འདེད་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1