རང་རེའི་ཞིང་ཆེན་གྱི་སློབ་གླིང་དང་སློབ་ཆེན་གྱིས་ད་ལོར་སློབ་ཡོན་མི་དགོས་པའི་དགེ་ཐོན་སློབ་མ་2260བསྡུ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-29


      ཉེ་ཆར། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་རང་རེའི་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རང་རེའི་ཞིང་ཆེན་གྱི་ཁོངས་གཏོགས་ཀྱི་སློབ་གླིང་དང་སློབ་ཆེན་གྱིས་ད་ལོར་སློབ་ཡོན་མི་དགོས་པའི་དགེ་ཐོན་སློབ་མ་བསྡུ་བའི་ལས་འགོ་བརྩམས་ཤིང་། སློབ་གྲྭ་དགུའི་་(སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ཚུད་མེད་པ།)ཁྱོན་བསྡོམས་སློབ་ཡོན་མི་དགོས་པར་སློབ་མ་2260བསྡུ་རྒྱུ་རེད།
    ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་སློབ་ཡོན་མི་དགོས་པའི་དགེ་ཐོན་སློབ་མ་བསྡུ་བའི་སློབ་གྲྭ་དགུའི་གསོ་སྦྱོང་གི་དམིགས་ཚད་དང་ལས་འགན་མི་འདྲ་བས། དངོས་གཞིའི་ཚན་ཁག་རིམ་པའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི་སློབ་མ་ནི་སི་ཁྲོན་དགེ་ཐོན་སློབ་ཆེན་དང་། ཤིས་ཧྭ་དགེ་ཐོན་སློབ་ཆེན། སི་ཁྲོན་རིག་གནས་ཚན་ཁག་དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། ཁྲེན་ཏུའུ་དགེ་ཐོན་སློབ་གླིང་། ནེ་ཅང་དགེ་ཐོན་སློབ་གླིང་། ལེ་ཧྲན་དགེ་ཐོན་སློབ་གླིང་བཅས་ཀྱིས་གསོ་སྦྱོང་བྱ་རྒྱུ་དང་། དམིགས་བསལ་སློབ་གསོའི་སློབ་ཡོན་མི་དགོས་པའི་དགེ་ཐོན་སློབ་མ་ལེ་ཧྲན་དགེ་ཐོན་སློབ་གླིང་གིས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། དངོས་གཞིའི་ཚན་ཁག་རིམ་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་དགེ་རྒན་ནི་སི་ཁྲོན་མི་རིགས་སློབ་གླིང་གིས་གསོ་སྦྱོང་བྱ་རྒྱུ་དང་། དངོས་གཞིའི་རིམ་པའི་དབྱིས་རྒྱ་སྐད་ཡིག་གཉིས་ཀྱི་དགེ་རྒན་ཤིས་ཁྲང་སློབ་གླིང་གིས་གསོ་སྦྱོང་བྱ་རྒྱུ་རེད། ཆེད་ལས་ཚན་ཁག་རིམ་པའི་སློབ་ཆུང་དགེ་རྒན་ཁྲེན་ཏུའུ་དགེ་འོས་སློབ་གླིང་དང་། སི་ཁྲོན་རིག་གནས་ཚན་ཁག་དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱིས་གསོ་སྦྱོང་བྱ་རྒྱུ་དང་། ཆེད་ལས་ཚན་ཁག་རིམ་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཆུང་དགེ་རྒན་རྔ་བ་དགེ་ཐོན་སློབ་གླིང་གིས་གསོ་སྦྱོང་བྱ་རྒྱུ་རེད།།
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1