ལི་ཐང་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4014ཡོད་པས་“འཛམ་གླིང་མཐོ་གྲོང་”ཞེས་པའི་མིང་ཐོབ་ཡོད་ལ་སྐྱེས་དངོས་ཀྱི་རིགས་མཐོང་བར་དཀོན། ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་ཐོན་གྱི་འདུ་ཤེས་དོན་འཁྱོལ་བྱས་ཏེ། མཛེས་སྡུག་ལྡན་པའི་ལི་ཐང་དང་སྐྱེ་ཁམས་ཅན་གྱི་ལི་ཐང་བསྐྲུན་རྒྱུ་དེ་དམིགས་འབེན་གཙོ་བོ་ཞིག་ཏུ་བཟུང་སྟེ། ད་ལོར་སྐྱེད་ཚལ་འཆར་འགོད་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ཏེ། མིག་སྔར། སྤྱི་གཉེར་ཁང་གིས་རྫོང་ཁུལ་གྱི་བགྲོད་ལམ་སྔོ་བསྒྱུར་བྱས་པ་དང་། བགྲོད་ལམ་འགྲམ་དུ་ལྗོན་ཤིང་225དང་འོན་འགན་ཤིང་སྡོང་ཁྲི་8འཛུགས་པར་མ་ཟད། ད་དུང་རྫོང་ཁུལ་གྱི་གེ་སར་ཐང་ཆེན་ཏུའང་མེ་ཏོག་གི་གཞོང་བ་30ལྷག་སྒྲིག་བཤམས་བྱས།།