ཉེ་ཆར། བྲག་འགོ་རྫོང་སློབ་གསོ་མ་ལག་གིས་ངལ་གསོ་བྱས་ཡོད་པའི་དགེ་རྒན་རྒན་པ་རྣམས་རྩ་འཛུགས་བྱས་ནས“བྲག་འགོ་སློབ་གསོའི་ཕུགས་འདུན་ཕྱིར་དྲན་བྱེད།”ཅེས་པའི་བྱེད་སྒོ་སྤེལ།
ཤེས་རྟོགས་བྱུང་པ་ལྟར་ན། བྲག་འགོ་རྫོང་སློབ་གསོ་མ་ལག་གིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པ་རྣམས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་བསམ་འཆར་ལྟར“གཉིས་སློབ་གཅིག་སྒྲུབ”ཀྱི་སློབ་སྦྱོང་སློབ་གསོ་དང་ཟུང་དུ་འབྲེལ་ཏེ། རྫོང་གི་ལས་བྱེད་པ་རྒན་པའི་སྣེ་ཁྲིད་འོག རང་ངོས་ནས་དངུལ་ཁྲི་20ལྷག་བསྡུས་ནས། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྔར་བྲག་འགོར་ལས་དོན་བསྒྲུབས་མྱོང་ཞིང་ད་ལྟ་ངལ་གསོ་བྱས་པའི་དགེ་རྒན་རྣམས“བྲག་འགོ་སློབ་གསོའི་ཕུགས་འདུན་ཕྱིར་དྲན་བྱེད།”ཅེས་པའི་བྱེད་སྒོའི་ཐོག་གདན་འདྲེན་ཞུས། ཐེངས་འདིའི་བྱེད་སྒོའི་སྟེང་དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་དང་འདས་ཟིན་པའི་དཀའ་སྤྱད་འབད་བརྩོན་གྱི་རྒྱུད་རིམ་བཤད་ནས་ལས་ཐོག་དགེ རྒན་རྣམས་ལ་ལས་བརྩོན་སྐྱེས་འབུལ་དང་རང་རྟོགས་སྒོས་“དངོས་སྒྲུབ་སློབ་དར།”གྱི་འདུ་ཤེས་ལག་བསྟར་བྱས་ཏེ། བྲག་འགོ་ཡི་སློབ་གསོ་ལས་རིགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་ཞེས་སྐུལ་མ་བཏང་།།