ཞིང་དཔོན་དབྱི་ལི་ཡིས་ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུའུ་ཀྲང་ཀྲེན་ཀུའོ་ཀོང་དང་མཇལ་འཕྲད་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-11
སྤྱི་ཟླ་8པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་ནས་ཀྲུང་གོའི་གནམ་གཤིས་ཅུས་གྱི་ཅུའུ་ཀྲང་ཀྲེན་ཀུའོ་ཀོང་དང་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་།
དབྱི་ལི་ཡིས་ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་དུས་ཡུན་རིང་བོར་སི་ཁྲོན་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་གཅིག་ཏུ་འབད་བརྩོན་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་གྱིས་མཉམ་ལས་མཉམ་སྐྲུན་བྱེད་པར་གཏིང་གཟབ་སྒོས་སྐུལ་འདེད་བཏང་ཐོག མུ་མཐུད་དུ་གནོད་འགོག་གནོད་སེལ་གྱི་ནུས་པ་མཐོར་འདེགས་སུ་བཏང་ནས། སྔར་ལས་ལེགས་པིའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་གིས་འཚོ་བར་གནམ་གཤིས་ཀྱིས་ཞབས་ཞུ་སྒྲུབ་པའི་དགོས་མཁོ་བསྐོང་དགོས་པའི་གྲོས་གཞི་བཏོན།།