ཟླ་ཚེས་ཁུག་པའི་རྩྭ་ཐང་ནི་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་གི་ཁོངས་སུ་གནས་ཤིང་། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ་ཕྱུགས་རྩྭ་རྒྱས་པ་ནི་མདོ་དབུས་མཐོ་སྒང་དུ་མཐོང་དཀོན་པོའི་ས་ཆ་ཞིག་རེད། གནས་འདི་ནས་ཧུང་ཡོན་རྫོང་མཁར་བར་སྤྱི་ལེ་3ལས་མེད་པ་དང་། སྟོན་དུས་ཀྱི་ཟླ་ཚེས་ཁུག་པ་ནི་དྭངས་ཤིང་གཙང་ལ། གཞུང་ལམ་འགྲམ་ངོགས་ཀྱི་དེའུ་སྒང་ནས་བལྟས་ན། ཁྱེད་ཀྱིས་མཛེས་སྡུག་ལྡན་པའི་རྩྭ་ཐང་ཡངས་པོ་ནི་འཇམ་ཞིང་མཉེན་པའི་ས་གདན་ལྗང་གུ་ཞིག་ས་གཞིའི་སྟེང་བཏིང་པ་ལྟ་བུ་མཐོང་ཐུབ་ལ། དྭངས་ཤིང་གཙང་པའི་ཆུ་ཕྲན་དག་རྩྭ་ཐང་སྟེང་མཛེས་སྡུག་ལྡན་པའི་གཞུ་ཐིག་རེ་རེ་བཀོད་པ་ལྟར་སྣང་བས། ཏག་ཏག་ཡར་ངོའི་ཟླ་བ་དང་མཚུངས་པས། ཟླ་ཚེས་ཁུག་པ་ཞེས་པའི་མཚན་སྙན་ཡང་དེ་ནས་ཐོབ་པ་རེད།།