ཉེ་ཆར། སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་གྱི་བོད་ལྗོངས་ཀྱི་འཐུས་ཚབ་ཚོགས་པའི་འཁྲབ་ཞུགས་འཁྲབ་གཞུང་། གསར་དུ་བརྩམས་པའི་མི་རིགས་བྲོ་གར་ཆེན་མོ《ཉི་མའི་སྲས་མོ།》ཞེས་པ་པེ་ཅིང་པའོ་ལི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། འཁྲབ་གཞུང་དེ་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་པའི་རིང་གི་ལོ་རྒྱུས་འགྱུར་ལྡོག་རྒྱབ་ལྗོངས་བྱས་ཏེ། སྒྲོལ་མའི་གཏམ་རྒྱུད་གླེང་བ་བརྒྱུད་བོད་ལྗོངས་མི་དམངས་བདེ་སྐྱིད་མདུན་དུ་སྐྱོད་པའི་བརྒྱུད་རིམ་མངོན་པར་མཚོན་ཡོད། །