རང་རེའི་ཞིང་ཆེན་གྱིས་ལས་བྱེད་འཇོན་མི་སྟོང་ཕྲག་ལྷག་གིས་བོད་སྐྱོར་ལས་ཀ་ཁག་བཞི་རུ་བགོས་ནས་མི་4500ལྷག་བཀོད་སྒྲིག་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-08


          ཉེ་ཆར། སྐོར་ཁག་བཞི་བའི་བོད་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་925 ལམ་ལ་ཆས། ད་ལྟའི་བར། རང་རེའི་ཞིང་ཆེན་གྱིས་ལས་བྱེད་འཇོན་མི་སྟོང་ཕྲག་ལྷག་གིས་བོད་སྐྱོར་བྱེད་པ་ལས་སྐོར་ཁག་བཞི་ལ་མི་4500ལྷག་བདམས་ནས་བོད་ཁུལ་དུ་ཁ་གཏད་དབུལ་སྐྱོར་བྱེད་པའི་ལས་ཀ་སྒྲུབ་འགོ་བརྩམས།

          ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་ལྟར། རང་རེའི་ཞིང་ཆེན་གྱིས་སྤྱི་ལོ་2010ལོར་ལས་བྱེད་འཇོན་མི་མི་སྟོང་ལྷག་གིས་བོད་སྐྱོར་བྱེད་འགོ་བརྩམས་པ་དང་། དུས་ཐེངས་སྔོན་མ་གསུམ་ལ་ལས་བྱེད་འཇོན་མི་3600ལྷག་བདམས་ནས་བོད་ཁུལ་ལ་འཛུགས་སྐྲུན་རོགས་སྐྱོར་བྱེད་པར་མངགས་གཏོང་གནང་། སྐོར་ཁག་བཞི་བའི་འདེམས་བསྐོ་བཀོད་སྒྲིག་བྱེད་པའི་ལས་ཀ་དེ་ད་ལོའི་ཟླ་བརྒྱད་པ་ནས་འགོ་བརྩམས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བོད་ཁུལ་གྱི་དོན་དངོས་ཀྱི་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་15དང་གྲོང་ཁྱེར་10ནས་བོད་སྐྱོར་ལས་བྱེད་འཇོན་མི་925བདམས། དེའི་ཁྲོད་དུ་ཏང་སྲིད་ལས་བྱེད་པ་ཡིས་ནོར་སྲིད་དང་འགྲིམ་འགྲུལ།པ འཆར་འགོད།རྒྱལ་ཁོངས་སོགས་སྡེ་ཁག་སུ་ལས་འགན་ཁུར་བ་དང་། ཆེད་ལས་འཇོན་མི་བོད་ཁུལ་གྱི་རྫོང་ཐད་གཏོགས་གི་འབྲེལ་ཡོད་ལས་དོན་སྡེ་ཁག་དང་སློབ་གྲྭ སྨན་ཁང་སོགས་བྱ་བཞག་ལས་ཁུངས་སུ་བཀོད་སྒྲིག་གནང་བ། ལས་འགན་ཁུར་ཡུན་ནི་ལོ་གཉིས་ཡིན། དེ་མིན་དུས་སྐབས་སྔོན་མ་གསུམ་གྱི་བོད་སྐྱོར་ལས་བྱེད་འཇོན་མི་དང་མི་འདྲ་ས་ནི་དུས་ཐེངས་བཞི་བའི་བོད་སྐྱོར་ལས་བྱེད་འཇོན་མི་ལ་དབུལ་སེལ་འགག་སྒྲོལ་བྱེད་པའི་འགན་འཁྲི་གསར་བ་གཅིག་ཁ་སྣོན་བྱས་ཡོད། ཁོ་ཚོས་བོད་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྡོད་ཁང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་བའི་ཞབས་ཞུའི་ལས་དོན་དང་། སྤྱོད་ཚུལ་བཟང་བོ་སོགས་ཕྱོགས་སུ་སྟོབས་ཤུགས་བཏོན་ཡོད།   གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཚོས་སྔར་ལས་ལེགས་པའི་སྒོ་ནས་བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ་བརྟན་བརླིང་ལས་ཀའི་དུས་བབ་དང་འགན་འཁྲི་ལ་རྒྱུས་ལོན་བྱེད་པ་དང་མགྱོགས་མྱུར་དུ་ལས་གནས་གསར་པར་ནུས་པ་འདོན་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟླ་9པའི་ཚེས3ཉིན་ནས་བཟུང་དུས་ཡུན་ཉིན་གཉིས་རིང་གི་ལས་ཞུགས་གསོ་སྦྱོང་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1