རྒྱལ་ཡོངས་གིས་དབུལ་སྐྱོར་ལས་ཀ་དང་ཆ་འཕྲིན་ལས་ཀའི་གསོ་སྦྱོང་འཛིན་གྲྭ་ནན་ཁྲུང་ནས་འཚོགས་འགོ་ཚུགས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-08
སྤྱི་ཟླ་9པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་གི་དབུལ་སྐྱོར་ལས་ཀར་ལྟ་སྐུལ་ཞིབ་བཤེར་དང་ཆ་འཕྲིན་ཅན་གྱི་ལས་ཀའི་གསོ་སྦྱོང་འཛིན་གྲྭ་དེ་ནན་ཁྲུང་ནས་དངོས་སུ་འཚོགས་འགོ་ཚུགས། ཀྲུང་དབྱང་གཞུང་སྒྲུང་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། པེ་ཅིང་དང་ཧྲང་ཧེ། ཧུ་པེ། ཧྲན་ཞི། ལིའོ་ཉིང་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)32 དེ་མིན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་མི་110ལྷག་ཐེངས་འདིའི་གསོ་སྦྱོང་ཁྲོད་དུ་བཞུགས། འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲེན་ཝུན་ཁའེ་གྲོས་ཚོགས་ཞུགས་པར་མ་ཟད་གསུངས་བཤད་གནང་། ཞིང་ཆེན་སྲིད་གཞུང་གི་ཇུས་འདོན་པ། ཞིང་ཆེན་དབུལ་སྐྱོར་འགག་སྒྲོལ་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་ཀྲང་ཙོ་ཧྭ་ཡིས་ཤིས་ཚིག་ཕུལ།།