ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་དཔོན་དབྱིན་ལི་གཉིས་ཀྱིས་2016ལོར་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕྱི་གླིང་གི་མཐོ་གསར་ཚན་རྩལ་ཤེས་ལྡན་མི་སྣའི་ངོ་འཕྲད་ཚོགས་འདུར་ཞུགས་པའི་ཕྱི་གླིང་གི་ཆེད་རམས་པར་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-14


       སྤྱི་ཟླ9པའི་ཚེས་12ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་གཉིས་ཀྱིས་ཁྲེན་ཏུའུ་ནས་ནོ་པེར་དངོས་ལུགས་བྱ་དགའ་ཐོབ་མཁན། ཨ་མེ་རི་ཁའི་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོའི་ཚན་རིག་ཁང་གི་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་ཡོན་ཧྲི་ཏིན་ཀྲའོ་ཀྲུང་དང་། ཨ་མེ་རི་ཁའི་བཟོ་འགོད་ཁང་གི་ཡོན་ཧྲི། ཀྲུང་གོའི་བཟོ་འགོད་ཁང་གི་ཕྱི་རྒྱལ་རྒྱལ་ཁོངས་ཀྱི་ཡོན་ཧྲི་ཏིན་ཝུན་ཀྲུང་སོགས་ཕྱི་གླིང་གི་ཆེད་རམས་པ་གྲགས་ཆེན་རྣམས་ལ་མཇལ་འཕྲད་གནང་ནས། ཁོ་ཚོ་སི་ཁྲོན་དུ་ཕེབས་ཏེ་2016ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕྱི་གླིང་གི་མཐོ་གསར་ཚན་རྩལ་ཤེས་ལྡན་མི་སྣའི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། 
       ཝང་ཏུང་མིང་གིས་སི་ཁྲོན་ནི་ཀྲུང་གོའི་དཔལ་འབྱོར་སྟོབས་ཆེ་བ་དང་མི་འབོར་མང་བ། ཚན་རྩལ་སློབ་གསོའི་དར་ཆེ་བའི་ཞིང་ཆེན་ཆེ་གྲས་ཤིག་ཡིན་པས། ཉེ་བའི་ལོ་འགའི་རིང་ལ་གནས་གཞི་སྣེ་མང་འདེགས་སྐྱོར་དང་། ཅན་གཉིས་ཕན་ཚུན་རོགས་སྐྱོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད། གསར་གཏོད་སྐུལ་འདེད་ཀྱི་འཕེལ་རྒྱས་ཆེན་མོ་གསུམ་གྱི་འཐབ་ཇུས་བཅས་ལག་བསྟར་ཆེན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་རིགས་བསྒྱུར་རིམ་སྦར་ཡོང་བའི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། མིག་སྔར། སི་ཁྲོན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་སྟོབས་ཆེ་བའི་ཞིང་ཆེན་ཤིག་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ནས་གསར་གཏོད་བཅོས་བསྒྱུར་གྱི་མངའ་ཁོངས་དང་། རང་འགུལ་ཉོ་ཚོང་གི་དཔེ་སྟོན་ས་ཁུལ་སོགས་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་རབ་དང་རིམ་པར་འཕྲད་ཡོད་པས། ང་ཚོས་ཕྱི་གླིང་གི་ཆེད་མཁས་འཇོན་མིའི་དངོས་དོན་མཉམ་ལས་བྱེད་ཤུགས་ཆེར་གཏོང་བའི་ཐད་ལ་སྔར་ལས་ཆེ་བའི་སྟེགས་བུ་འདོན་སྤྲོད་བྱས་ཡོད་ཅེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1