རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ས་གནས་ཀྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་པོ་བཙུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-20


       སི་ཁྲོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་ལུས་རྩལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་བར་དངོས་སུ་འབྲེལ་ཐག་ཆད་པ་དེ་ནི། རྒྱལ་ཡོངས་སུ་ལུས་རྩལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཐག་ཆད་པའི་ཞིང་ཆེན་རིམ་པའི་ས་གནས་ཀྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་པོ་རུ་གྱུར། སྤྱི་ཟླ་9པའི་ཚེས་19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་དབྱི་ལི་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་གྱི་ཅུའུ་ཀྲང་གཞོན་པ། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་ཀྲིན་ཧྭ་གཉིས་ཀྱིས་ཁྲེན་ཏུའུ་ནས་མཉམ་གཅིག་ཏུ་གསར་དུ་བཙུགས་པའི་སི་ཁྲོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ལ་སྒོ་བྱང་བཀལ། 
       ད་ལོའི་ཟླ་8པར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས《སི་ཁྲོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོ་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་ལག་བསྟར་བསམ་འཆར།》བཏོན་ནས། རྐང་རྩེད་སྤོ་ལོའི་ཅོས་བསྒྱུར་བྱེད་པ་དེ་གསལ་བོ་བྱེད་པ་དང་། རྐང་རྩེད་སྤོ་ལོའི་མཐུན་ཚོགས་བཅོས་བསྒྱུར་འཐུས་ཚང་སུ་བཏང་ནས། སྤྱི་ལོ་2016ལོར་སི་ཁྲོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་ལུས་རྩལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་བར་གྱི་འབྲེལ་ཐག་ཆད་པ་སོགས་ལས་འགན་རབ་དང་རིམ་པ་ཁག་ལེགས་འགྲུབ་ཡོང་བར་བྱ་དགོས་པར་མ་ཟད། དེ་ལ་བརྟེན་ནས་སི་ཁྲོན་གྱི་ལུས་རྩལ་ཐད་བསྒྱུར་བཅོས་དང་། ལུས་རྩལ་སྟོབས་ཆེ་བའི་ཞིང་ཆེན་དུ་བསྒྱུར་བར་སྐུལ་འདེད། བདེ་ཐང་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པར་དཔེ་སྟོན་རང་བཞིན་གྱི་ནུས་པ་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་ཁག་ཐེག་བྱ་རྒྱུ་རེད། རྐང་རྩེད་སྤོ་ལོ་ནི་ཉེ་དུས་འཛམ་གླིང་ཡོངས་ཀྱི་ལུས་རྩལ་གྱི་རྣམ་གྲངས་གལ་ཆེན་ཤིག་ཡིན་པའི་ཆ་ནས། རང་རེའི་ཞིང་ཆེན་ལ་མང་ཚོགས་གི་རྨང་གཞི་བརྟན་པོ་ཤིག་ཡོད། ཉེ་བའི་ལོ་འགའི་རིང་ལ། རང་རེའི་ཞིང་ཆེན་གྱིས་མང་ཚོགས་ཀྱིས་རྐང་རྩེད་སྤོ་ལོ་རྩེད་པ་དང་སློབ་རྭའི་རྐང་རྩེད་སྤོ་ལོ། གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོ་རྩེད་པ་སོགས་ལ་རྒྱབ་བསྟེན་བཅོལ་ནས། རྐང་རྩེད་སྤོ་ལོ་རྩེད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་ཕྱིན་པ་དང་། རྐང་རྩེད་སྤོ་ལོ་ལ་དགའ་མཁན་གྱི་ཚོགས་པ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་གི་ནང་བཞུགས་ཚད་ཡང་ཇེ་མང་དུ་འགྱུར་བཞིན་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1