澳大利亚,全称为澳大利亚联邦(The Commonwealth of Australia)。四面环海,是世界上唯一一个国土覆盖整个大陆的国家。拥有很多独特的动植物和自然景观。
澳大利亚素有“骑在羊背上的国家”之美誉,近200年来,养羊业一直是澳大利亚经济的主要支柱和大宗出口创汇行业。澳大利亚占世界总羊只数的1/6左右,是世界上人均占有羊只最多的国家。澳大利亚的羊毛年产量在10亿公斤以上,占世界羊毛总产量的1/3。
澳大利亚(Australia)是全球土地面积第六大的国家,国土比整个西欧大一半。澳大利亚不仅国土辽阔,而且物产丰富,是南半球经济最发达的国家,其被称为“丛林步行者的天堂”。蓝山和世界上最大的独块岩体艾尔斯巨石,以及五彩斑斓的神奇世界大堡礁,最引人注目的坎贝尔港的石灰岩悬崖等是诸多游客钟爱的自然景致。
ཨོ་སི་ཐྲ་ལི་ཡ་མནའ་འབྲེལ་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཨོ་སི་ཐྲ་ལི་ཡ་ཞེས་འབོད་པ་ནི་ལྷོ་ཞི་བདེ་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོའི་བར་ན་གནས་ཤིང་ཨོ་སི་ཐྲ་ལི་ཡ་སྐམ་ས་ཆེན་མོ་དང་ཐཱ་སི་མཱ་ནི་ཡ་གླིང་ཕྲན་གཙོ་བྱས་གླིང་ཕྲན་དང་རྒྱ་མཚོ་ཕྱི་རོལ་གྱི་སྐམ་སས་གྲུབ། མཐའ་བཞིར་ཞི་བདེ་རྒྱ་མཚོའི་བྱུ་རུའི་རྒྱ་མཚོ་དང་ཐ་སི་མན་རྒྱ་མཚོ། ཧི་རྡུ་རྒྱ་མཚོ་བཅས་རྒྱ་མཚོ་ཆེ་ཆུང་ཀུན་གྱིས་བསྐོར་ཡོད་པ་དང་། གཏེར་ཁུངས་མང་ཞིང་ས་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཡིན།
གྲོང་ཁྱེར་ཁའེ་ཨེན་སི་ཡི་རྣམ་པ།
昆士兰州城市凯恩斯
མོའི་ལེའུ་གཙང་པོ་དང་ཏ་ལིན་གཙང་པོ་གཉིས་ནི་ཨོ་སི་ཐྲ་ལི་ཡའི་བཞུར་རྒྱུན་ཆེས་རིང་བའི་གཙང་པོ་གཉིས་ཡིན་ལ། གཙང་པོ་འདི་གཉིས་ལས་མོའོ་ལེ་ཏ་ལིན་གཤོང་ས་གྲུབ། གཤོང་ས་ཆེན་པོ་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་100ལྷག་ཡོད་དེ་ཨོ་སི་ཐྲ་ལི་ཡའི་སྤྱིའི་རྒྱ་ཁྱོན་གྱི་14%ཟིན། ཨོ་སི་ཐྲ་ལི་ཡ་ནི་འཛམ་གླིང་སྟེང་གི་ཕྱུགས་ལས་ཆེས་ཆེར་དར་བའི་རྒྱལ་ཁབ་ཅིག་ཡིན། འཛམ་གླིང་སྟེང་གི་ལུག་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་ཀུན་གྱིས་ལུག་རྒྱབ་ལ་བཞོན་པའི་རྒྱལ་ཁབ་ཅེས་འབོད།
ཁྱད་ལྡན་གྱི་འཛུགས་སྐྲུན། ཐན་ཁའེ་ཡིས་པར་བླངས།
澳大利亚特色建筑
ས་གནས་སོ་སོའི་གནམ་གཤིས་དང་ས་གཤིས་མི་འདྲ་བར་གཞིགས་ཏེ་ཨོ་སི་ཐྲ་ལི་ཡའི་ས་གནས་སོ་སོའི་ཕྱུགས་སྐྱོང་ཐབས་མི་འདྲ་སྟེ་ཆ་སྙོམས་ཀྱི་ཆར་འབབ་ཚད་ཧོ་སྨི་380དམན་གྱི་རྩྭ་ཐང་དུ་མེའི་ལེ་ལུག་འཚོ་སྐྱོང་བྱེད་པ་དང་འདིར་ལུག་མང་པོ་མི་ཤོང་པས་ཕྱུགས་ཀྱི་གྲངས་ལ་ཚོད་འཛིན་བྱེད་དགོས། ལོ་རེར་ཆ་སྙོམས་ཀྱི་ཆར་འབབ་ཚད་ཧོ་སྨི་380ནས་500བར་གྱི་རྩྭ་ཐང་དུ་ཕྱུགས་འཚོ་སྐྱོང་བྱེད་པའི་ཞོར་དུ་འོས་མཐུན་སྒོས་གཟན་རྩྭ་བཏབ་སྟེ་ཕྱུགས་གྲངས་དང་རྩྭ་ཐང་དོ་མཉམ་ཡོང་བ་བྱས་པས་ཕྱུགས་ཅུང་མང་པོ་འཚོ་སྐྱོང་བྱེད་ཐུབ། ལོ་རེར་ཆ་སྙོམས་ཀྱི་ཆར་འབབ་ཚད་ཧོ་སྨི་400བརྒལ་བའི་རྩྭ་ཐང་དུ་རྩྭ་ར་བསྐོར་ཏེ་སྐྱེ་ཚད་མཐོ་བའི་གཟན་རྩྭ་འདེབས་པ་དང་། རྩྭ་ཐང་འདིར་གཙོ་བོ་ནོར་དང་ལུག ཕག ཁྱིམ་བྱ་སོགས་འཚོ་སྐྱོང་བྱས། དེ་མིན་གྲོ་དང་འབྲས། སིལ་ཏོག་དང་སྔོ་ཚོད་སོགས་ས་གནས་ཀྱི་གནམ་གཤིས་དང་མཐུན་པར་འདེབས་འཛུགས་བྱེད། འདི་ལྟར་འཆར་གཞི་འཐུས་ཚང་བའི་བབ་བསྟུན་གྱི་ཕྱུགས་ལས་ལམ་ལུགས་དང་འོས་མཐུན་གྱི་རྩྭ་ས་བཀོལ་སྤྱོད། ས་བཅུད་ཡུན་སྲུང། རྩྭ་འདེབས་ཕྱུགས་སྐྱོང་དང་བྱེ་འགོག་ལེགས་བཅོས་སྒོས་བརྟན་བརླིང་ངང་ཐོན་སྐྱེད་འཕེལ་རྒྱས་སུ་ཕྱིན་པར་ཤུགས་སྣོན་བྱས་པ་དང་ཨོ་སི་ཐྲ་ལི་ཡ་ཡིས་ཆེད་རམས་པའི་ཞིབ་འཇུག་སྡེ་ཁག་རྩ་འཛུགས་བྱས་ཏེ་རྒྱང་ཚོར་དཔྱད་ཆས་དང་ཡུལ་དངོས་རྟོག་ཞིབ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཕྱུགས་རྩྭ་སྙོམས་སྒྲིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཁོར་སྐྱོད་ཅན་གྱི་ཕྱུགས་ལས་སྤེལ་བཞིན་ཡོད། ས་གནས་ཀྱི་གནས་ཚུལ་དངོས་དང་འབྲེལ་ཏེ་རྩྭ་ས་ལོ་དུ་མར་ངལ་གསོ་རུ་འཇུག་ནས་ས་བཅུད་སླར་གསོ་དང་ཐོན་སྐྱེད་མཐོར་འདེགས་བཏང་། དེ་མིན་ས་བཅུད་ཉམས་པའི་རྩྭ་སར་ལུད་རྫས་གཏོར་ཏེ་ས་བཅུད་གསོ་བ་དང་བྱེད་ཐབས་འདིས་རྩྭ་སའི་བཅུད་སླར་གསོ་བྱེད་པར་ཕན་ནུས་གལ་ཆེན་ལྡན་པ་མ་ཟད་ནོར་ལུག་ལའང་འཚོ་བཅུད་མཁོ་འདོན་བྱེད་ཐུབ།
མཚོ་འགྲམ་གྱི་ཡུལ་ལྗོངས། ཤེས་བྱས་པར་མཁོ་འདོན་བྱས།
澳大利亚墨尔本十二门徒石
དེང་སྐབས་མི་རྣམས་ཀྱིས་ཨེར་སི་རྡོ་ཞེས་འབོད་བཞིན་པའི་བྲག་རྡོ་འདི་ལ་སྔོན་ཆད་ས་གནས་འདི་གའི་གཞི་སྡོད་མང་ཚོགས་ཀྱིས་ཨོ་ལོའོ་ལོའོ་ཞེས་འབོད། བྲག་རྡོ་འདིའི་རིང་ཚད་ལ་སྨི་སྟོང་གསུམ་དང་ཞེང་ཚད་ལ་སྨི་སྟོང་གཉིས་དང་མཐོ་ཚད་ལ་སྨི་350ཡོད། མཐའ་སྐོར་གྱི་རིང་ཚད་ལ་སྨི་སྟོང་10ཡོད། ས་དངོས་སུ་བུད་པའི་བྲག་རྡོ་རྐྱང་པ་འདི་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྲག་རྡོ་ཡིན་པ་དང་། དུས་ཚིགས་མི་འདྲ་བ་དང་གནམ་གཤིས་མི་འདྲ་བར་བརྟེན་ནས་བྲག་རྡོ་འདིའི་ཁ་དོག་ལ་འགྱུར་བ་ཐེབས་བཞིན་ཡོད། ཐ་ན་ཉིན་གཅིག་གི་དུས་ཚོད་མི་འདྲ་བའི་ནང་ཡང་ཁ་མདོག་ལ་འགྱུར་བ་འབྱུང་བཞིན་འདུག་པས་ཀུན་གྱིས་ཁྱད་མཚར་བའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཏུ་ངོས་འཛིན་བྱེད།
མཚོ་འོག་གི་བྲག་རྡོ། ཤེས་བྱས་པར་མཁོ་འདོན་བྱས།
澳大利亚大堡礁
སྲི་ནིའེ་ཡི་གླུ་གར་ཁང་ནི་ཨོ་སི་ཐྲ་ལི་ཡའི་སྲི་ནིའེ་གྲོང་ཁྱེར་དུ་གནས་ལ། དུས་རབས་ཉི་ཤུ་པའི་ནང་གི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་འཁྲབ་སྟོན་ལྟེ་གནས་ཤིག་དང་སྲི་ནིའེ་གྲོང་ཁྱེར་གྱི་ཚབ་མཚོན་རང་བཞིན་ཅན་གྱི་འཛུགས་སྐྲུན་ཞིག་ཏུ་ངོས་འཛིན་བྱས། གླུ་གར་ཁང་འདིའི་བཟོ་སྐྲུན་ནི་ཏན་མན་རྒྱལ་ཁབ་ཀྱི་ཇུས་བཀོད་པ་ཡུའུ་ཨིན་བོའོ་སོན་གྱིས་ཇུས་བཀོད་བྱས་པ་ཡིན་ལ། གླུ་གར་ཁང་འདི་1959ལོར་བཟོ་སྐྲུན་གྱི་འགོ་དངོས་སུ་བརྩམས་ཤིང་1973ལོར་ལེགས་གྲུབ་བྱུང་། 2007ལོའི་ཟླ་6པའི་ཚེས་28ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་རིག་གནས་ཚན་རྩལ་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་བདམས།
བྱེ་ཐང་སྟེང་གི་རྔ་མོང་རུ་ཕྲེང། ཤེས་བྱས་པར་མཁོ་འདོན་བྱས།
澳大利亚沙滩上的驼队
སྲོག་ཆགས་རིག་པ་བས་རྟོག་ཞིབ་བྱས་པ་ལྟར་ན་ཨོ་སི་ཐྲ་ལི་ཡའི་བྱི་བ་བྲང་ཁུག་ཅན་ནི་ཁུག་རིགས་སྲོག་ཆགས་ཀྱི་ཚབ་མཚོན་དུ་ངོས་འཛིན་བྱས་ཆོག་པ་དང་། ཁུག་རིགས་སྲོག་ཆགས་ནི་འཚར་སྐྱེ་འཐུས་ཚང་མིན་པའི་སྲོག་ཆགས་ཡིན་ཕྱིན་སྔ་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། བྱི་བ་བྲང་ཁུག་ཅན་སྐྱེས་མ་ཐག་ཨ་མའི་བྲང་ཁུག་ནས་འཚར་ལོངས་བྱུང་དགོས། བྱི་བ་བྲང་ཁུག་ཅན་གྱི་ཨ་མར་ནུ་མ་བཞི་ཡོད་པ་དང་། ནུ་མ་གཉིས་ཀྱི་འོ་མའི་སྣུམ་མང་ཞིང་གཞན་གཉིས་ཀྱི་འོ་མའི་སྣུམ་ཅུང་ཉུང་། བཙའ་ཐེངས་རེ་ལ་ཕྲུ་གུ་གསུམ་ནས་བཞི་བཙའ་ཐུབ་པ་དང་། བྱི་བ་བྲང་ཁུག་ཅན་སྐྱེས་མ་ཐག་ཧ་ཅང་ཆུང་སྟེ་བ་དམ་གྱི་ཆེ་ཆུང་ལས་མེད། བྱི་བ་བྲང་ཁུག་ཅན་གྱི་རྔ་མར་ལུས་ཕུང་སྙོམས་སྒྲིག་གི་ནུས་པ་ཡོད་པར་མ་ཟད་དཔུང་འཇུག་དང་ཉེན་ཁ་འགོག་སྲུང་གི་ནུས་པའང་ལྡན། གཞན་དུས་ཚོད་གཅིག་གི་ནང་དུ་སྤྱི་ལེ་50ལྷག་ལ་རྒྱུགས་ཐུབ་པས་བྱི་བ་བྲང་ཁུག་ཅན་གྱི་མྱུར་ཚད་ཤིན་ཏུ་མགྱོགས།།
སྲོག་ཆགས་ཁོ་ལག། ཤེས་བྱས་པར་མཁོ་འདོན་བྱས།
澳大利亚的国宝——考拉