耷·琼培,藏族,1975年出生于甘孜藏族自治州理塘县,从小就开始致力于学习藏汉语文,先后在理塘大寺和西藏甘丹寺学习深造,是传统藏文书法艺术传承人,也是集学者、诗人、画家为一身的当代艺术家。现已出版的画集、诗集、论著有《新概念唐卡》《藏文书法精粹》《话说藏茶》《仓央之喜》等作品。他所创造的“新概念唐卡”拉开了新世纪新兴唐卡艺术的序幕。
ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ནི་ཁམས་ཀྱི་ལི་ཐང་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་བོད་རྒྱ་གཉིས་ཀྱི་ཡི་གེའི་འབྲི་ཀློག་ལ་སྦྱངས་པ་བྱས། དགུང་ལོ་བཅུ་གསུམ་སྟེང་ལི་ཐང་དགོན་ཆེན་དུ་བཤེས་གཉེན་བཀའ་དྲིན་ཅན་རྣམ་པའི་ཞབས་པད་ལ་རེག་སྟེ་ནང་ཆོས་སྤྱི་དང་ཐུན་མོང་གི་རིག་གནས་ལ་གསན་སྦྱོང་ཚུལ་བཞིན་བྱས། དགུང་ལོ་ཉི་ཤུའི་སྟེང་དབུས་ཀྱི་གདན་ས་ཁྱད་པར་ཅན་འབྲོག་རི་བོ་དགའ་ལྡན་དགོན་དུ་ཕེབས་ནས་མུ་མཐུད་དུ་ནང་ཆོས་བཀའ་པོད་ལྔ་དང་སྤྱི་རིག་པའི་གཞུང་ལུགས་ཁག་ལ་ཅི་འཇོན་གྱིས་འབད་བརྩོན་གནང་། རིམ་པར་བོད་ཀྱི་ཡུལ་ལུང་མང་ཤོས་སུ་ཕེབས་ནས་ཧི་མ་ལ་ཡའི་རིག་གཞུང་གི་ཕྱི་ནང་གསང་གསུམ་ལ་དམིགས་པའི་ཞིབ་འཇུག་དང་སློབ་སྦྱོང་གནང་། དེ་ཡང་གནའ་རྫས་དང་། ཕྱག་རྒྱ། འདྲ་རིས། ཡིག་གཟུགས། རི་མོ། དབྱངས་རྟ། ལོ་རྒྱུས། འབྱུང་རྩིས། སྲོལ་ལུགས། སེམས་ཁམས། སྒྱུ་རྩལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད། དེ་མཚུངས་སུ་ཞིབ་འཇུག་གི་འབྲས་རྟགས་སུ་གསུང་རྩོམ་མང་ཙམ་བཏོན་ཡོད་དོ།།