སྤྱི་ཟླ་10པའི་ཚེས་12ཉིན། སྐབས་18པའི་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་ཤིང་། འགོ་ཚུགས་པའི་ཟློས་གར་ཆེན་པོ་ནི་ཧྲང་ཧའེ་མི་རིགས་ཀྱི་རོལ་དབྱངས་ཚོགས་པས་བརྒྱུད་འཛིན་དང་། གསར་གཏོད། མཉམ་འདྲེས་བཅས་བརྗོད་བྱ་གཙོ་བོ་བྱས་ནས་མི་རིགས་ཀྱི་རོལ་དབྱངས་ཀྱི་རོལ་མོ་གླུ་གཞས་ཀྱི་འདུ་འཛོམས་ཆེན་པོ་ཞིག་རེད། འདི་ནི་ཐེངས་དང་པོ་དམངས་ཁྲོད་རོལ་དབྱངས་ཀྱིས་དུས་ཆེན་མཛད་སྒོ་འགོ་བརྩམས་པའི་སྒྱུ་རྩལ་དུས་ཆེན་ཞིག་རེད། །