འཛམ་གླིང་སྟེང་ཆེས་རིང་བ་དང་ཆེས་མཐོན་པོ་རུ་བགྲང་པའི་ཤེལ་གྱི་ཟམ་པ་ནི་ཀྲང་ཅཱ་ཅེ་གྲོག་རོང་ཆེན་པོའི་ཤེལ་གྱི་ཟམ་པ་དེ་ཡིན་པར་གྲགས། དེ་ནི་ད་ལོའི་ཟླ་7པའི་ནང་ས་ཕྱོགས་སོ་སོ་ནས་ཡོང་བའི་ལྗོངས་རྒྱུ་བ་ཚང་མར་སྒོ་འབྱེད་རྒྱུ་ཡིན། ཤེལ་གྱི་ཟམ་པ་དེའི་སྤྱིའི་རིང་ཚད་ལ་ཁྱོན་བསྡོམས་སྨི་430དང་ཞིང་ཚད་ལ་སྨི་6ཡོད། ལས་གཞི་དེའི་ཆ་ཡོངས་ལ་རྣོ་རྩིབ་ཨར་འདམ་གྱི་ཟམ་གདན་མེད་ཅིང་། ཟམ་པ་དེ་ལ་ད་དུང་ཐག་ཤུད་དང་གར་སྟེགས་སོགས་བྱ་ཆོག་པའི་སྤྱོད་སྒོ་མང་པོ་ཡོད། །