པོབ་པོ་ཏི་ལན་ལ་2016ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-17


        

        སྤྱི་ཟླ་10པའི་ཚེས་13ཉིན། སི་ཝེས་ཙེར་གྱི་རྩོམ་རིག་སློབ་གླིང་ལས་ཡོངས་བསྒྲགས་བྱས་པ་ལྟར་ན། 2016ལོའི་ནོ་པེར་རྩོམ་རིག་བྱ་དགའ་དེ་ཨ་རིའི་གླུ་བ་དང་རྩོམ་པ་པོ་པའོ་པོབ་ཏི་ལན་ལ་གནང་རྒྱུ་རེད།       

        སི་ཝེས་ཙེར་རྩོམ་རིག་སློབ་གླིང་གི་ལས་འགན་རྒྱུན་འཛིན་གྱི་དྲུང་ཡིག་ས་ལ་ཏ་ཉི་ཝུའུ་སི་ཡིས་ཉིན་དེའི་ཉིན་གུང་སི་ཝེས་ཙེར་སློབ་གླིང་གྲོས་ཚོགས་ཁང་ནས་ནོ་པེར་རྩོམ་རིག་བྱ་དགའ་མཇུག་འབྲས་ཁྱབ་བསྒྲགས་གནང་། རྩོམ་རིག་སློབ་གླིང་གིས་ཉིན་དེར་གསར་འགྱུར་སྤྱི་བསྒྲགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ཏི་ལན་གྱིས་ཨ་རིའི་སྲོལ་རྒྱུན་གླུ་དབྱངས་ཀྱིས་རྨང་གཞིའི་སྟེང་སྙན་ངག་གི་དོན་མཚོན་རྣམ་པའི་མཚོན་ཐབས་གསར་པ་གསར་བཏོད་བྱས་པས་ད་ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པར་གསུངས།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1